འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་ཤུགས་མཁའ་ལམ་ཞེས་པའི་མཚོ་བོད་དྲ་སྦྲེལ་འདུ་འགོད་ཀྱིས་ནུས་རྒྱུ་གཙང་མའི་འཕེལ་
    རྒྱས་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར“གློག་ཤུགས་མཁའ་ལམ”ཞེས་གྲགས་པའི་མཚོ་བོད་དྲ་སྦྲེལ་འདུ་འགོད་དེ་གངས་ལྗོངས་ས་མཐོར་བརྟན་པོའི་ངང་འཁོར་སྐྱོད་ལོ་ལྔ་བྱས་ཤིང་། ལོ་དེ་དག་ནང་འདུ་འགོད་དེ་རླུང་འཚུབ་དང་གྲང་ངར་ལས་རྣམ་པར་རྒྱལ་ནས་གཉེར་སྐྱོང་དམིགས་ཚད་ཁག་ཀྱང་ཇུས་འགོད་ཀྱི་ཚད་གཞི་དང་བླང་བྱ་དང་མཐུན་ཡོད་པ་རེད།
          བོད་ཀྱི་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཆུ་ནུས་ཐོན་ཁུངས་རིགས་གཞུང་གི་ཐོག་ནས་བརྟག་དཔྱད་བྱས་ན་ཆུ་གསོག་ཚད་ཆན་ཝ་དུང་ཕྱུར་2.1ཡོད་པ་ནི“ནུབ་གློག་ཤར་འདྲེན”གྱི་ནུས་རྒྱུ་གལ་ཆེན་མཐུད་འབྲེལ་བྱེད་པའི་རྨང་གཞི་ཞིག་རེད། བོད་ཀྱི་གློག་དྲའི་གློག་དབྱར་འབེལ་དགུན་དཀོན་གྱི་དུས་ཚིགས་ཁྱད་ཆོས་དབང་གིས་ཡུལ་དེ་གའི་གློག་གཏོང་ནུས་པ་ཞན་པ་དང་། དགུན་དུས་གློག་དཀོན་པ། ཆུ་རྒྱས་དུས་གློག་གཏོང་དཀའ་བའི་འགལ་བ་མངོན་གསལ་དོད་པོ་ཡོད་པ་རེད།
          མཚོ་བོད་དྲ་སྦྲེལ་འདུ་འགོད་གཉེར་བའི་ལོ་ལྔའི་རིང་། ལོ་ལྟར་དགུན་དུས་བོད་ལ་གློག་འདོན་གང་ཐུབ་བྱས་ནས་ཡུལ་དེ་གའི་མང་ཚོགས་ལ་དགུན་དུས་གློག་སྤྱོད་པའི་དགོས་མཁོ་འགན་ལེན་བྱས་པ་དང་། བོད་ཀྱི་བཟོ་ལས་ལ་གློག་སྤྱོད་ཚད་སྒོ་ཀུན་ནས་ཁྱབ་པར་བྱས་པས་དགུན་དུས་གློག་དཀོན་པའི་དཀའ་ངལ་རྩ་བའི་ཆ་ནས་བསལ་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་རྒྱུའི་དགོས་མཁོའི་ཐད་ཀྱི་ཞན་ཆ་ནུས་ལྡན་ངང་བསབ་ཐུབ་པ་བྱུང་ཡོད།
         རིགས་གཅིག་མཁས་ཅན་གྱིས་སྔོན་དཔག་བྱས་པ་ལྟར་ན། “ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་ཏུ་སླེབས་སྐབས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཆུ་གློག་རྒྱུན་སྲིང་གསར་སྤེལ་ཐུབ་པ་དང་འབྲེལ་མཚོ་སྔོན་གྱི་དྲ་སྦྲེལ་འདུ་འགོད་བརྒྱུད་བོད་ཀྱི་གློག་དྲས་གློག་ཤུགས་གཞི་ཁྱོན་ཆེན་པོའི་ངང་ཕྱིར་འདྲེན་ཐུབ་རྒྱུ་དང་། ཞིང་ཆེན་བརྒལ་ནས་གློག་ཤུགས་འདྲེན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་12ཟིན་རྒྱུའི་སྔོན་དཔག་བྱས་པ་དེ་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་36.77ཉུང་དུ་གཏོང་བ་དང་མཚུངས་པས་མཚོ་བོད་དྲ་སྦྲེལ་འདུ་འགོད་ལ་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོབ་རྒྱུ་རེད།
         མཚོ་བོད་དྲ་སྦྲེལ་འདུ་འགོད་འཁོར་སྐྱོད་ལོ་ལྔ་བྱས་རིང་ཁྲེ་ལ་ཐད་རྒྱུག་གློག་གཏོང་མ་ལག་ཐད་སྔ་ཕྱིར་ཤུགས་ཚད་ཐེངས་6ལ་མཐོ་རུ་བཏང་བ་མ་ཟད། ཕྱིར་གཏོང་ཤུགས་ཚད་དེ་འདུ་འགོད་འཁོར་སྐྱོད་ཐོག་མའི་དུས་ཀྱི་ཀྲའོ་ཝ་100ནས་ད་ལྟའི་ཀྲའོ་ཝ་400བར་མཐོ་རུ་བཏང་བ་དང་། ཕྱིར་གཏོང་ནུས་པ་ཡང་ལྡབ་4མཐོ་རུ་ཕྱིན་ཡོད། མཚོ་བོད་དྲ་སྦྲེལ་འདུ་འགོད་ཀྱི་གློག་ཕྱིར་གཏོང་ནུས་པ་ཡང་ལོ་ལྟར་ཆེ་རུ་སོང་བ་དང་སྦྲགས་ལོ་ལྔའི་རིང་མཚོ་སྔོན་གྱི་མཚོ་ནུབ་ས་ཆའི་འོད་ཤུགས་འཕེལ་རྒྱས་མྱུར་པོ་བྱུང་ནས་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་308འཕར་ཏེ་ཆན་ཝ་ཁྲི་337.3ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།