འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གྲངས་འཛིན་དཔེ་དེབ་ཀློག་མཁན་དུང་ཕྱུར་3དང་ཁྲོམ་རའི་གཞི་ཁྱོན་སྒོར་དུང་
    ཕྱུར་བརྒྱ་ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2017ལོའི་ཀྲུང་གོའི་གྲངས་འཛིན་དཔེ་ཀློག་ཚོགས་ཆེན་ཚེས་14ཉིན་ཧང་ཀྲོའུ་རུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་《2016ལོའི་ལོ་འཁོར་གྱི་ཀྲུང་གོའི་གྲངས་འཛིན་དཔེ་ཀློག་གི་རྒྱབ་ཤ་དཀར་པོའི་དེབ་》ནང་མངོན་གསལ། 2016ལོར་རང་རྒྱལ་གྱི་གྲངས་འཛིན་དཔེ་དེབ་ཀློག་མཁན་དུང་ཕྱུར་3ལས་བརྒལ་བ་དང་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་120ཟིན་ཡོད།
            རྒྱབ་ཤ་དཀར་པོའི་དེབ་ནང་སྤྱོད་མཁན་གྱི་གྲུབ་ཆའི་ནང་གློག་རྡུལ་དཔེ་དེབ་དང་། ཤོག་བུའི་དཔེ་དེབ། ཤོག་བུ་དང་གློག་རྡུལ་གཅིག་སྒྲིལ་གྱི་སྤྱི་ཡོངས་དོ་སྙོམས་ཀྱི་རྣམ་པ་མངོན་པ་དང་། དེའི་ཁྲོད་གློག་རྡུལ་དཔེ་དེབ་དང་ཤོག་བུའི་དཔེ་དེབ་ལྟ་མཁན་གྱི་སྡུར་ཚད་སོ་སོར་36.7%དང་23.9%ཟིན་ཡོད། བུད་མེད་ཀྱི་གྲངས་འཛིན་དཔེ་དེབ་ཀློག་མཁན་གྲངས་འབོར་སྐྱེས་པ་ལས་མང་མོད། འོན་ཀྱང་སྐྱེས་པས་ཀློག་རིན་སྤྲོད་པའི་འདུན་པ་དེ་བས་ཆེ་བ་ཡོད།
           རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གྲངས་འཛིན་དཔེ་སྐྲུན་སིའི་སི་ཀྲང་དང་ཀྲུང་གོ་སྒྲ་ཕབ་བརྙན་འཇུག་དང་གྲངས་འཛིན་དཔེ་སྐྲུན་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་ཀྲང་དབྱི་ཅུན་གྱིས་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱེད་སྐབས། ལོ་ཚད་མི་འདྲ་བར་གཞིགས་ནས་དགའ་ཕྱོགས་ཀྱང་འདྲ་གི་མེད། “ལོ་རབས70པའི་ནང་སྐྱེས”ཀློག་པ་པོས་ལོ་རྒྱུས་རྣམ་ཐར་དང་མི་སྣ་ཅན་གྱི་ལོ་རྒྱུས་ལ་དགའ་པོ་ཡོད་པ་དང་། “ལོ་རབས་00པའི་ནང་སྐྱེས”ཀློག་པ་པོས་དེང་རབས་གྲོང་ཁྱེར་དང་ཚན་རྟོག་དཔེ་དེབ་ལ་དགའ་པོ་ཡོད། “ལོ་རབས་80པ་དང་90པའི་ནང་སྐྱེས”ཀློག་པ་པོ་ནི་གྲངས་འཛིན་དཔེ་ཀློག་མཁན་གཙོ་བོ་ཡིན་པས་སྡུར་གྲངས་64.1%བཟུང་ཡོད་ཅེས་ངོ་སྤྲོད་བྱས།
          སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་པར་དབང་ཚང་མ་བཅོས་བསྒྲིགས་བྱེད་པའི་ཚ་རླབས་འཕྱུར་བ་སོགས་ཕན་ཡོད་རྒྱུ་རྐྱེན་འོག སྔོན་དཔག་བྱས་ན་གྲངས་འཛིན་དཔེ་དེབ་ཀློག་མཁན་སྔར་བས་མགྱོགས་སུ་འགྲོ་ངེས་རེད།
          འབྱུང་འགྱུར་འཕེལ་ཕྱོགས་སྐོར་གླེང་སྐབས་ཀྲང་དབྱི་ཅུན་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་དང་། དཔེ་ཀློག་ཁོར་ཡུག་ཅིག་གྲུབ་པ། རྩེར་སོན་བརྩམས་ཆོས་བཏོན་པ། སྤྱོད་མཁན་གཞི་ཁྱོན་ཆེ་རུ་ཕྱིན་པ་བཅས་ཕན་ཡོད་རྒྱུ་རྐྱེན་བཞིས་གྲངས་འཛིན་དཔེ་ཀློག་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། སྔོན་དཔག་བྱས་ན་ལོ་འཁོར་རྗེས་མར་20%ཡས་མས་འཕར་སྲིད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།