འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུའུ་ཡིས་2017ལོར་གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་དང་ས་ཁུལ་དབུལ་
    པོའི་སློབ་བསྡུའི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་དགོས་པའི་བརྡ་ཐོ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་14ཉིན་སློབ་གསོ་པུའུ་ཡིས་བརྡ་ཐོ་བཏང་ནས་2017ལོར་གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་དང་ས་ཁུལ་དབུལ་པོའི་སློབ་མ་བསྡུ་བའི་ལས་དོན་བཀོད་སྒྲིག་བྱས་ཏེ། 2017ལོའི་སློབ་བསྡུའི་འཆར་གཞི་བཀོད་སྒྲིག་བྱེད་པའི་རྩ་དོན་ཐོག་2016ལོ་ལས་10%མང་དུ་གཏོང་དགོས་པའི་ས་གནས་ཀྱི་ཆེད་དོན་འཆར་གཞི་ཁ་གསལ་བཏོན་ཡོད།
           དེ་དང་ཆབས་ཅིག་2017ལོར་ས་ཁུལ་དབུལ་པོའི་སློབ་མ་དམིགས་གཏན་འཁེལ་བའི་ངང་བསྡུ་བའི་རྒྱལ་ཁབ་ཀྱི་ཆེད་དོན་འཆར་གཞིས་སློབ་མ་ཁྲི་6.3བསྡུ་རྒྱུའི་བཀོད་སྒྲིག་བྱ་རྒྱུ་དང་། ལག་བསྟར་ས་ཁོངས་ནི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་དང་། རྒྱལ་ཁབ་རིམ་པའི་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་། ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དང་ཀྲོའུ་བཞི་བཅས་ཡིན་ཞིང་། ལག་བསྟར་ས་ཁོངས་ཀྱི་དབུལ་སྒྲོལ་དབུལ་པོའི་རྫོང་གིས་2017ལོར་རྒྱལ་ཁབ་ཀྱི་ཆེད་དོན་འཆར་གཞིའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཆོག་པ་བཏོན་ཡོད།
          མཐོ་སློབ་ཆེད་དོན་འཆར་གཞིའི་ནང་གཙོ་བོ་ཐག་རིང་དང་། དབུལ་པོ། མི་རིགས་སོགས་ས་ཁུལ་དང་རྫོང་མན་གྱི་མཐོ་སློབ་ཀྱི་སྙིང་རུས་ཆེ་ཞིང་སློབ་སྦྱོང་ལ་དགའ་བ་དང་སྦྱངས་འབྲས་ཕུལ་བྱུང་གི་གྲོང་གསེབ་སློབ་མ་བསྡུ་རྒྱུ་དང་། སློབ་བསྡུའི་སློབ་གྲྭ་ནི་སློབ་གསོ་པུའུ་ཡི་ཐད་གཏོགས་མཐོ་སློབ་དང་དེ་མིན་གྱི་རང་བརྟེན་སློབ་བསྡུའི་ཚོད་ལྟའི་མཐོ་སློབ་ཡིན་ཞིང་། སློབ་བསྡུའི་འཆར་གཞིའི་ནང་འབྲེལ་ཡོད་མཐོ་སློབ་ཀྱིས་ལོ་འཁོར་མོའི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་གཞི་ཁྱོན་གྱི་2%ལས་མི་ཉུང་བ་བཀོད་སྒྲིག་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།