འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ལས་རིགས་ནུས་པའི་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ལས་རིགས་ནུས་པའི་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཧྲེན་ཀྲེན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་2016ལོའི་རྒྱལ་ཡོངས་ཀྱི་ལས་རིགས་ནུས་པའི་འཛུགས་སྐྱོང་ལས་དོན་ཕྱོགས་སྡོམ་བྱས་པ་དང་། འཕྲད་པའི་དུས་བབ་ལ་དབྱེ་ཞིབ་བྱས་ཁར། འདི་ལོའི་གཙོ་གནད་ལས་འགན་ཁ་གསལ་བཏོན་ཡོད། མི་སྤྱི་པུའི་པུའུ་ཀྲང་གཞོན་པ་ཐང་ཐའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
             ཐང་ཐའོ་ཡིས་2017ལོའི་ལས་རིགས་ནུས་པའི་འཛུགས་སྐྱོང་ལས་དོན་གྱིས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོ་གཉེར་རྒྱུའི་རེ་ཞུ་དང་འགྲན་བསྡུར་ལ་ཞུགས་པའི་ལས་དོན་གཙོ་གནད་དུ་བརྩིས་ནས། ལས་དོན་ཐད་ཚད་བརྒལ་གསར་པ་ཡོང་བ་བྱས་ཐོག སྐབས་46པའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་རྒྱུའི་རེ་ཞུ་ཐུབ་པའི་བརྩོན་ལེན་བྱེད་པ་དང་། སྐབས་44པའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོར་སླར་ཡང་གྲུབ་འབྲས་ཡག་པོ་གཏོད་ཐུབ་པའི་བརྩོན་ལེན་བྱེད་དགོས། གཟེངས་བསྟོད་དང་སྐུལ་འདེབས་ལས་དོན་གཙོ་གནད་དུ་བྱས་ཏེ་རྩལ་ནུས་ཤེས་ལྡན་པའི་སྲིད་ཇུས་གསར་གཏོད་ལ་ཤུགས་སྣོན་དང་། ལག་རྩལ་ལས་བཟོའི་ཐོབ་ཐང་ལེགས་སུ་གཏོང་བའི་སྲིད་ཇུས་འདོན་པ། དུས་སྐབས་གསར་པའི་ཐོན་ལས་ལས་བཟོའི་དཔུང་ཁག་འཛུགས་སྐྱོང་སྲིད་ཇུས་དོན་འཁྱོལ་བཅས་བྱས་ནས། རྩལ་ནུས་མཐོ་བའི་ཤེས་ལྡན་པ་འཕེལ་རྒྱས་འཆར་གཞི་གསར་གཏོད་དང་། ལག་བསྟར་བྱེད་དགོས་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།