འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ནག་ཆུ་ས་ཁུལ་བྱིས་གསོ་ཁང་དང་པོས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་12ཉིན། 17:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ནག་ཆུ་ས་ཁུལ་བྱིས་གསོ་ཁང་དང་པོས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་བྱེད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ནག་ཆུ་ས་ཁུལ་བྱིས་གསོ་ཁང་དང་པོས་མཐོ་རིམ་བོད་ཡིག་ཡིག་གཟུགས་འགྲན་བསྡུར་བྱེད་སྒོ་སྐབས་དང་པོ་སྤེལ་ཞིང་།   ཐེངས་འདིའི་བྱེད་སྒོར་ས་ཁུལ་སྲིད་གྲོས་ཀྱི་རྒན་སོག་རུ་ཀརྨ་ཀུན་ཁྱབ་དང་སྤུན་ཟླའི་སློབ་གྲྭ་ཁ་ཤས་ཀྱི་བོད་ཡིག་དགེ་རྒན་དང་དེ་བཞིན་ཁྱིམ་བདག་གྱི་ཚབ་བྱེད་མི་སྣ་སོགས་དཔྱད་འདེམས་པར་གདན་ཞུ་བྱས་ཡོད་པ་དང་། ཁྱོན་མཐོ་རིམ་སློབ་ཐོན་འཛིན་གྲྭ་བརྒྱད་ཀྱི་སློབ་མ་40ལྷག་ཙམ་འགྲན་བསྡུར་ནང་ཞུགས་པ་རེད།
          བྱེད་སྒོ་འདི་ནི་མཐོ་རིམ་སློབ་མའི་དགའ་ཕྱོགས་དང་བསྟུན་ནས་བོད་ཡིག་རྨང་གཞིའི་ཡིག་གཟུགས་སོགས་རྒྱ་ཆེའི་ཁྱིམ་བདག་ལ་གཟིགས་འབུལ་ཞུས་པ་དང་བྱེད་སྒོའི་ཁྲོད་དུ་བྱིས་པ་རྣམས་སྤྲོ་སྣང་ཆེན་པོའི་ངང་ཡིག་གཟུགས་ནན་ཏན་བྲིས་པས། རྒྱ་ཆེའི་ཁྱིམ་བདག་རྣམས་ཀྱི་ཚད་མཐོའི་འདེང་འཇོག་ཐོབ་པ་རེད།  བྱེད་སྒོའི་མཇུག་ཏུ་རྒན་ཀརྨ་ཀུན་ཁྱབ་དང་སློབ་གཙོ་ཡིས་བྱེད་སྒོའི་འཇུག་བསྡོམས་གསུང་བཤད་གནང་བ་དང་། སློབ་གྲྭའི་དབུ་ཁྲིད་ཀྱིས་མ་འོངས་པར་མུ་མཐུད་ནས་བྱེད་སྒོ་འདི་རིགས་གང་མང་སྤེལ་རྒྱུའི་འཛུབ་སྟོན་གནང་བ་རེད།
    ༄༅།།ནག་ཆུ་ས་ཁུལ་བྱིས་གསོ་ཁང་དང་པོས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་བྱེད་སྒོ་སྤེལ་བ།
    ༄༅།།ནག་ཆུ་ས་ཁུལ་བྱིས་གསོ་ཁང་དང་པོས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་བྱེད་སྒོ་སྤེལ་བ།
    ༄༅།།ནག་ཆུ་ས་ཁུལ་བྱིས་གསོ་ཁང་དང་པོས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་བྱེད་སྒོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།