འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།"ཚོགས་སྒྲིག་རྣམ་པའི"སློབ་གསོའི་བོད་སྐྱོར་དགེ་རྒན་གྱིས་ཉིང་ཁྲིར་ཉམས་མྱོང་སྤེལ་རེས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་12ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2016ལོར“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྱིས་སློབ་གསོའི་ཁྱབ་ཁོངས་ཀྱི་བོད་སྐྱོར་བྱེད་སྟངས་གསར་པ་ཞིག་སྤྱད་ཡོད། འདས་ཟིན་པའི་ལོ་གཅིག་རིང་བོད་སྐྱོར་དགེ་རྒན་ཚོར་ལས་ཀའི་ཉམས་མྱོང་དང་དཀའ་ངལ་དངོས་གང་ཞིག་འཕྲད་ཡོད་དམ། ཉིན་ཤས་གོང་ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པས་བོད་སྐྱོར་དགེ་རྒན་གྱི་ལས་དོན་ཉམས་མྱོང་སྤེལ་རེས་ཚོགས་འདུ་ཞིག་འཚོགས་ཤིང་། ལྷ་ས་སློབ་འབྲིང་དང་ཉིང་ཁྲི་མཐོ་རིམ་སློབ་འབྲིང་གཉིས་པའི་བོད་སྐྱོར་དགེ་རྒན་ཚོས་ལོ་གཅིག་རིང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་གྱི་བསམ་ཚུལ་དང་མྱོང་ཚོར་ལྷུག་པོར་གླེང་བ་རེད།
           ད་རེས་ཀྱི་བྱེད་སྒོ་ནི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ནང་ཞུགས་མཁན་ཉིང་ཁྲི་སློབ་འབྲིང་གཉིས་པའི་ཚོགས་པས་གཙོ་གཉེར་བྱས་པ་ཞིག་རེད། ལྷ་ས་སློབ་འབྲིང་གི་དགེ་རྒན་ཚོགས་པ་དང་བཅས་པ་མི་15ཉིང་ཁྲི་མཐོ་རིམ་སློབ་འབྲིང་གཉིས་པའི་སྤེལ་རེས་བྱེད་སྒོར་ཞུགས་པ་དང་། ད་རེས་བྱེད་སྒོ་དེ་འདྲ་ཞིག་སྤེལ་བ་ནི་ཁ་གཏད་བོད་སྐྱོར་སློབ་གསོའི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བོད་རང་སྐྱོང་ལྗོངས་ཀྱི་《ཚོགས་སྒྲིག་རྣམ་པའི་སློབ་གསོ་ཤེས་ལྡན་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་》གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ། 《ཚོགས་སྒྲིག་རྣམ་པའི་སློབ་གསོ་ཤེས་ལྡན་པའི་བོད་སྐྱོར་ལས་དོན་གྱི“ཞིབ་ཕྲའི་ལས་དོན་བསམ་འཆར་ཁག་བཅུ”》མཛུབ་ཁྲིད་དུ་བྱེད་པ་བཅས་ཀྱི་ཐོག་ནས་བོད་སྐྱོར་ཚོགས་པའི་ནང་ཁུལ་དུ་མཉམ་འདྲེས་བྱ་རྒྱུ་དང་། བོད་སྐྱོར་ཚོགས་པ་དང་རོགས་སྐྱོར་དང་ལེན་སློབ་གྲྭའི་དབར་མཉམ་འདྲེས་བྱ་རྒྱུ། དེ་བཞིན་རོགས་སྐྱོར་དང་ལེན་སློབ་གྲྭ་དང་བོད་སྐྱོར་ཚོགས་པའི་དབར་སྤེལ་རེས་བྱ་རྒྱུ་བཅས་ལ་ཤུགས་སྣོན་རྒྱག་པའི་ཆེད་དུ་རེད།
           ཚོགས་པ་དེ་གཉིས་རུ་སྣེ་འཁྲིད་མཁན་སོ་སོས་ཚོགས་འདུའི་ཐོག་ཉེ་བའི་ལོ་གཅིག་ཙམ་རིང་གི་སློབ་གསོའི་བོད་སྐྱོར་ལས་དོན་གྱི་ཉམས་མྱོང་དང་མྱོང་ཚོར་ཕྱིར་དྲན་བྱས་ཤིང་། ལྷ་ས་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཧྲུའུ་ཏ་ཅུན་གྱིས་ཁོང་ཚོའི་ཚོགས་པ་བོད་ལྗོངས་ལྷ་ས་སློབ་འབྲིང་དུ་འབྱོར་རྗེས་ཀྱི་ལས་ཀའི་མྱོང་ཚོར་ཕྱིར་དྲན་བྱས་པ་དང་། ཉིང་ཁྲི་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་སྤྱི་གཞོན་པ་ལུའོ་ཙུང་ཡོན་གྱིས་《མ་འོངས་སྔོན་ལ་མཐོང་བ་བྱས་ན་གཞི་ནས་ཐུག་འཕྲད་ཡོང་རྒྱུ་ཡིན་》ཞེས་བརྗོད་དོན་གཙོ་བོར་བྱས་ནས་བོད་དུ་ལོ་གཅིག་སློབ་ཁྲིད་བྱས་པའི་མྱོང་ཚོར་གླེང་བ་རེད།
          སློབ་གསོའི་བོད་སྐྱོར་ཚོགས་པ་གཉིས་ཀྱི་དགེ་རྒན་ཚོས་རང་རང་སོ་སོའི་ལས་དོན་དངོས་དང་ཟུང་འབྲེལ་གྱིས་ཉམས་མྱོང་སྤེལ་རེས་དང་། སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་རིང་འཕྲད་པའི་དཀའ་གནད་མི་ཉུང་བ་ཞིག་ལྷུག་པོར་གླེང་བ་མ་ཟད། ད་དུང་ཐུན་མོང་ཐོག་ཐག་གཅོད་བྱ་ཐབས་གྲོས་བསྡུར་ཡང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།