འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་མཛེས་སྡུག་ལྡན་པའི་གྲོང་རྡལ་བདམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་12ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། འགྲན་རྩོད་རང་བཞིན་གྱི་དཔྱད་ཞིབ་ཚོགས་འདུ་འཚོགས་པ་བརྒྱུད་2017ལོའི་མཚོ་སྔོན་ཞིང་ཆེན་གྱི་མཛེས་སྡུག་ལྡན་པའི་གྲོང་རྡལ་16བདམས་པའི་ནང་བོད་རིགས་ས་ཁུལ་གྱི་གྲོང་རྡལ་8ཡོད་པ་རེད།
           ད་ཐེངས་བདམས་ཐོན་བྱུང་བའི་གྲོང་རྡལ་ཆུང་ངུ་16ནི། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཁྲེང་ཀོན་གྲོང་རྡལ་དང་། ཏུང་ཞ་གྲོང་རྡལ། ཁྲང་ཉིང་གྲོང་རྡལ་བཅས་དང་། ཧོང་ཀྲུང་རྫོང་གི་ལི་ཅ་ཧྲེན་གྲོང་རྡལ་དང་ཤིས་པའོ་གྲོང་རྡལ། མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་སན་ཧོ་གྲོང་རྡལ་དང་། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཅེ་ཙེ་གྲོང་རྡལ། དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ནན་མོན་ཞ་གྲོང་རྡལ་བཅས་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབའ་ལུང་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་ཁང་དབྱང་གྲོང་རྡལ། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ། མཚོ་ནུབ་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་ཤིང་སྡེ་གྲོང་རྡལ་དང་། དུར་ལམ་རྫོང་རྫོང་རྒྱབ་གྲོང་རྡལ། གཏེར་ལེན་ཁ་གྲོང་ཁྱེར་བཀལ་ཤུལ་གྲོང་རྡལ། དབུས་ལམ་རྫོང་ཁོ་ཁོ་གྲོང་རྡལ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།