འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་འཛམ་གླིང་དམག་ཆེན་དང་པོའི་
    སྐབས་གྲོངས་པའི་ཀྲུང་གོའི་ལས་མིར་སྤྱི་སྒྲུབ་འདས་མཆོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་12ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན་ཧྥ་རན་སེའི་ཕྱོ་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་ཧྥ་རན་སེའི་བྱང་རྒྱུད་ཀྱི་པིང་ཧའེ་ནུ་ཝ་ཡེ་ལེ་གྲོང་འདབས་ཀྱི་ནུ་ཝ་ཐེ་ཀྲུང་གོའི་ལས་མིའི་བང་སོ་གླིང་དུ་དྭངས་གསལ་སྤྱི་སྒྲུབ་འདས་མཆོད་མཛད་སྒོ་འཚོགས་ཏེ་འཛམ་གླིང་དམག་ཆེན་དང་པོའི་ནང་ཧྥ་རན་སེ་དང་དབྱིན་ཇི་སྲུང་སྐྱོབ་བྱ་ཆེད་རང་སྲོག་སྐྱེས་སུ་འབུལ་མཁན་ཀྲུང་གོའི་ལས་མིར་མྱ་ངན་དང་རྗེས་དྲན་གཟབ་རྒྱས་ཞུས་པ་རེད།
          ལོ་རྒྱུས་ཐོག་འཁོད་དོན། འཛམ་གླིང་དམག་ཆེན་དང་པོ་ལངས་རྗེས་ཧྥ་རན་སེ་དང་དབྱིན་ཇིས་ཀྲུང་གོ་ནས་ལས་མི་ཁྲི་14ཧྥ་རན་སེ་སོགས་ས་ཆར་ལྕགས་ལམ་དང་། གཞུང་ལམ། ཟམ་པ་སོགས་ཀྱི་འཛུགས་སྐྲུན་དང་འཛིང་རགས་བཟོ་བར་སྔ་རྗེས་སུ་བསྡུས་ཡོད། དེའི་ནང་ལས་མི་ཁྲི་2ཙམ་ཤི་གསོན་གང་ཡིན་ཤེས་རྒྱུ་མེད། དམག་ཆེན་དང་པོ་མཇུག་འགྲིལ་རྗེས་ཀྲུང་གོའི་ལས་མི་3000ཙམ་ཧྥ་རན་སེར་གཞིས་ཆགས་ནས་ཧྥ་རན་སེར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་ཁག་དང་པོའི་གྲས་སུ་གྱུར་ཡོད་ལ་ཀྲུང་ཧྥ་མི་དམངས་མཛའ་གྲོགས་འགྲོ་འོང་གི་འབྲེལ་ཟམ་ལྟ་བུར་ཡང་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།