འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་བྱ་ཁྲུང་ཁྲུང་ཅི་དགར་འཕུར་། ཞི་མཐུན་མཉམ་གནས་རྣམ་པ་བཟང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷ་བྱ་ཁྲུང་ཁྲུང་ཅི་དགར་འཕུར་། ཞི་མཐུན་མཉམ་གནས་རྣམ་པ་བཟང་།
           ཁྲུང་ཁྲུང་མཇིང་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཀྱི་བདག་ཏུ་མ་བཟུང་བའི་འདབ་ཆགས་རིགས་ཡིན་པ་དང་ས་མཐོའི་ཁུལ་དུ་དམིགས་སུ་ཡོད་པའི་ཁྲུང་ཁྲུང་གི་རིགས་དང་འཛམ་གླིང་གི་སྟོངས་ཉེའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་ཞིང་། དེའི་མགོ་སྟེང་གི་སྤུ་མདོག་དམར་སྨུག་དང་མཇིང་པའི་སྤུ་མདོག་ནག་པོ་ཡིན་སྟབས་མིང་དེ་ལྟར་ཐོབ་ཡོད།
           བོད་ཀྱི་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་དང་སྦྲགས་བོད་དུ་དགུན་སྒྲོལ་བྱེད་པར་ཡོང་བའི་དུས་བྱའང་ཇེ་མང་དུ་འགྲོ་གི་ཡོད་ཅིང་། ལོ་ལྟར་ཟླ་11པར་མཛེས་ཤིང་ཡིད་དུ་འོང་བའི་འདབ་ཆགས་དེ་དག་རི་ཆུ་ཁྲི་སྟོང་མང་པོ་བརྒལ་ནས་བོད་དུ་དགུན་སྒྲོལ་བྱེད་པར་ཡོང་གི་ཡོད། རྒྱལ་ཁབ་ཀྱི་རྩ་ཆེའི་འདབ་ཆགས་རིགས་ཡིན་པའི་ཁྲུང་ཁྲུང་མཇིང་ནག་གི་འགྱིང་ཉམས་དོད་པའི་གཟུགས་དབྱིབས་དེར་འདབ་ཆགས་ལ་ལྟ་བ་དང་པར་ལེན་རྒྱུར་དགའ་པོ་བྱེད་མཁན་མང་པོའི་དགའ་བསུ་ཐོབ་ཡོད། ཉེ་ཆར་ཁྲུང་ཁྲུང་མཇིང་ནག་ཁྱུ་དང་ཁྱུ་བཞིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ས་ཁོངས་ནང་གི་ཁྲུང་ཁྲུང་མཇིང་ནག་རང་བྱུང་སྲུང་སྐྱོང་ཁུལ་དུ་འཕུར་ནས་ཁྲུང་ཁྲུང་མགོ་ཁྲ་དང་། ངང་སེར། ངང་པ་གཤོག་ལྗང་། ངང་པ་མགོ་ལྗང་སོགས་རྩ་ཆེའི་ཆུ་བྱའི་རིགས་བཅུ་གྲངས་ཁ་ཤས་ཞི་མཐུན་མཉམ་གནས་བྱེད་བཞིན་ཡོད།
            ཞོགས་པ་སྟག་མགོ་རིའི་ཆུ་མཛོད་རྒྱུད་དེ་ཁྲུང་ཁྲུང་མཇིང་ནག་གི་དགའ་ཚལ་དུ་གྱུར་བ་དང་ཁྲུང་ཁྲུང་མཇིང་ནག་ཁྱུ་དང་ཁྱུ་བཞིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ས་ཁོངས་ནང་གི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྩེད་འཇོར་རོལ་བ་དང་ལྟོ་ཆས་འཚོལ་བཞིན་ཞི་བདེ་བག་ཕེབས་ཀྱི་ཉམས་སྣང་ཞིག་མངོན་གྱི་ཡོད།
    【1】  【2】
    ༄༅།།ལྷ་བྱ་ཁྲུང་ཁྲུང་ཅི་དགར་འཕུར་། ཞི་མཐུན་མཉམ་གནས་རྣམ་པ་བཟང་།
      

    ཕྱོགས་བསྡུས་གསར་འགྱུར།