འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཤིང་འཛུགས་ནགས་སྐྲུན་གྱིས་སྔོ་ལྗང་ཅན་དུ་བསྒྱུར་བའི་ལས་དོན་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    འོས་འགན་ཤིང་འཛུགས་དང་བླངས་པ་ཚོས་ཤིང་སོན་ལེན་པ།
    འོས་འགན་ཤིང་འཛུགས་དང་བླངས་པ་ཚོས་ཤིང་སོན་ལེན་པ།
           མི་དམངས་ཀྱི་བསྡད་གནས་ཁོར་ཡུག་ལེགས་སུ་གཏོང་ཆེད། བོད་ལྗོངས་ཀྱིས་གཞི་རྒྱ་ཆེ་བའི་ངང་ཤིང་འཛུགས་ནགས་སྐྲུན་གྱིས་སྔོ་ཅན་དུ་བསྒྱུར་བའི་ལས་དོན་སྤེལ་འགོ་ཚུགས་ཡོད་པ་རེད། ཟླ་3ཚེས་24ཉིན། དང་བླངས་པ་ཚོ་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུ་འཛོམས་ཏེ་དམངས་ཡོངས་ཀྱིས་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ་བ་རེད།
            བོད་ལྗོངས་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། འབྱུང་འགྱུར་གྱི་ལོ་10རིང་ལ། བོད་ལྗོངས་སུ་ཤིང་འཛུགས་ནགས་སྐྲུན་གྱིས་སྔོ་ལྗང་ཅན་དུ་བསྒྱུར་བའི་ཁེབས་ཚད་མུའུ་ཁྲི་2500ལྷག་ཙམ་དུ་འཕར་བར་བྱེད་རྒྱུ་ཡིན་པ་དང་། རིམ་གསོག་ཐཱན་བསྡུ་ཚད་ཏུན་3055ཡན་དུ་འགྱུར་བར་བྱེད་པ། ནགས་སྐྲུན་གཙོ་གནད་ཁུལ་དང་གཙང་པོ་གཉིས་དང་ཆུ་བོ་བཞི་(ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ།  སྐྱིད་ཆུ། མྱང་ཆུ། ཡར་ཀླུང་ཆུ། སེང་གེ་ཁ་འབབ་བཅས་)རྒྱུད་ནགས་སྐྲུན་སྔོ་ཅང་དུ་བསྒྱུར་བ། ནག་ཆུ་གྲོང་རྡལ་ས་བབ་མཐོ་ཁུལ་དུ་ནགས་སྐྲུན་ཚོད་ལྟ་སོགས་ཀྱི་ལས་གཞི་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
    འོས་འགན་ཤིང་འཛུགས་དང་བླངས་པ་ཚོས་ཆུ་སྐྱེལ་བ།
    འོས་འགན་ཤིང་འཛུགས་དང་བླངས་པ་ཚོས་ཆུ་སྐྱེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།