འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་དུས་སུ་བབས་པས་ངས་འབད་བརྩོན་བྱས་ན་བྱ་གཞག་ལེགས་གྲུབ་ཐུབ་ངེས་ཡིན།

    —— ཇ་རྟའི་གནའ་ལམ་ཐོག་གི་ལས་གཏོད་གཏམ་རྒྱུད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “ཕ་ཡུལ་དུ་ལས་གཏོད་བྱ་རྒྱུ་སྐབས་དང་དུས་སུ་བབས་པས་ངས་འབད་བརྩོན་བྱས་ན་བྱ་གཞག་ལེགས་གྲུབ་ཐུབ་ངེས་ཡིན”ཞེས་ལོ་35ལ་སླེབས་པའི་བོད་རིགས་ན་གཞོན་ལུའོ་ཧའེ་པིན་གྱིས་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་དུ“ཁྱད་ཆོས་ཟབ་མོ་ལྡན་པའི”འགྲུལ་ཁང་ཞིག་གཉེར་ཡོད། གང་སར་གླ་པ་བྱེད་པ་དང་བུ་ལོན་མང་པོ་ཟུག་རྗེས། མཐར་ལུའོ་ཧའེ་པིན་གྱིས་ཟུང་ཆུ་རྫོང་དུ་རང་ཉིད་ཀྱི་བྱ་གཞག་བཏོད་ནས་ཇ་རྟའི་གནའ་ལམ་ཐོག་ལས་གཏོད་ཀྱི་གཏམ་རྒྱུད་གསར་པ་ཞིག་རྩོམ་བཞིན་ཡོད།
           ལུའོ་ཧའེ་པིན་གྱི་འགྲུལ་ཁང་མིང་ལ“ཨ་མདོའི་ཁང་པའི་ཀོག་ཧྥེ་འགྲུལ་ཁང”ཟེར་བ་དང་དེ་ནི་ཟུང་ཆུའི་འདུ་འཛི་ཆེ་ཤོས་ཀྱི་གྲས་ཤིག་ཡིན།
           “‘ཨ་མདོའི་ཁང་པ’ཞེས་འདོགས་དོན་ནི་ཟུང་ཆུ་ཨ་མདོ་བོད་རིགས་ས་ཁུལ་གྱི་ཁོངས་སུ་གཏོགས་པས་ཡིན་ལ། མི་རིགས་ཁག་དབར་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་ས་ཆ་ཞིག་ཀྱང་ཡིན”ཞེས་ལུའོ་ཧའེ་པིན་གྱིས་བཤད།
            གནའ་དུས་སུ་ཟུང་ཆུར“སུང་ཀྲོའུ”ཟེར་བ་དང་སྔ་རབས་སུ་གཡུལ་འགྱེད་མཁན་གྱིས་ངེས་པར་ལེན་པའི་མཐའ་མཚམས་ཀྱི་དམག་དོན་གྲོང་རྡལ་གལ་ཆེན་ཞིག་རེད་ལ་རྒྱ་རིགས་དང་གྲངས་ཉུང་མི་རིགས་ཀྱི“ཇ་རྟའི་ཉོ་ཚོང”གི་ཚོང་འགྲེམས་བྱེད་ས་ཞིག་ཀྱང་རེད། བོད་རིགས་དང་། ཆའང་རིགས། ཧུད་རིགས། རྒྱ་རིགས་སོགས་མི་རིགས་མང་པོ་གནའ་སྔ་མོ་ནས་བཟུང་དེ་གར་འཚོ་གནས་བྱེད་ཀྱི་ཡོད།
          ལུའོ་ཧའེ་པིན་གྱི་ཁྱིམ་ཚང་ལས་ཀྱང་མི་རིགས་ཁག་འཆམ་མཐུན་མཉམ་འདྲེས་ཀྱི་ཁྱད་ཆོས་གང་ལེགས་མངོན་གྱི་ཡོད། ཁོང་གི་པ་ཕ་ནི་བོད་རིགས་དང་ཨ་མ་ནི་ཧུད་རིགས་ཡིན་ཞིང་། ནང་མི་ཚང་མས་གོང་དུ་བཀུར་བའི་རྒན་རབས་ཤིག་ཡོད་པ་དེ་ནི་རྒྱ་རིགས་ཤིག་ཡིན་ལ། ཁོང་ནི་རྒྱང་སྐྱོད་ནང་ཞུགས་མྱོང་བའི་དམར་དམག་རྒན་གྲས་ཤིག་ཡིན། སྐབས་དེ་དུས་རྨས་ནས་ཟུང་ཆུར་ལུས་པ་དང་ལུའོ་ཧའེ་པིན་གྱི་ཨ་མས་བུ་ཚབ་ཏུ་ཉར་ནས་ནར་མ་སོན་བར་བསྐྱངས།
          “ངའི་ནང་འདྲ་བ་ས་ཆ་གཞན་དུ་མཐོང་ཉུང་ཉུང་རེད་མོད། འོན་ཀྱང་ཟུང་ཆུར་མང་པོ་ཡོད”ཅེས་ལུའོ་ཧའེ་པིན་གྱིས་བཤད།
           ལུའོ་ཧའེ་པིན་ལོ་18ལ་སླེབས་སྐབས། ཁྲེང་ཏུར་སློབ་ཆེན་འགྲིམས་ནས་བཟོ་ཚོང་དོ་དམ་ཆེད་ལས་སློབ་སྦྱོང་བྱས། 2005ལོར་སློབ་ཆེན་ཐོན་རྗེས་ནང་མིས་གཞུང་ལས་པའི་ཡིག་རྒྱུགས་གཏོང་དགོས་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས། མཐར་ཡིག་རྒྱུགས་མ་འཕྲོད་པས་ལས་ཀ་འཚོལ་འགོ་ཚུགས། སྔ་རྗེས་སུ་བྲིན་ཚོང་དང་སྲིད་འཛིན་སོགས་ཀྱི་ལས་ཀ་བྱས། 2011ལོར་ཁོང་གིས་ཟུང་ཆུ་དང་ས་ཐག་ཉེ་བའི་མཛོད་དགེ་རྫོང་དུ་བྱ་གཞག་གཏོད་འགོ་བརྩམས་ནས་རིག་གནས་ཁྲོམ་ཁུལ་ཞིག་གི་གཉེར་སྐྱོང་དབང་ཆ་འགན་གཙང་བླངས། འོན་ཀྱང་། 2013ལོའི་རང་བྱུང་གནོད་འཚེའི་དབང་གིས་ཡུལ་དེ་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཆེན་པོ་འཕྲད་དེ་ལུའོ་ཧའེ་པིན་ལ་བུ་ལོན་ཆེན་པོ་ཟུག ཡིན་ནའང་ཁོང་གིས་དངུལ་གཡར་ནས་དངུལ་བུན་དང་ལས་མིའི་གླ་ཆ་ཚང་མ་གཙང་འཇལ་བྱས་ཡོད།
          ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་སྐབས་ལུའོ་ཧའེ་པིན་གྱིས་ཟླ་གཅིག་རིང་ཡུན་ནན་དུ་སྐྱོ་སྣང་བསང་བར་བསྐྱོད་རྗེས་ཕ་ཡུལ་ཟུང་ཆུ་རྫོང་དུ་ལོག མཐར་ཁོང་གིས་བྱ་གཞག་གཏོད་ས་ཡག་ཤོས་རང་ཉིད་ཀྱི་ཕ་ཡུལ་ཡིན་པ་ཤེས།
          བསམ་མ་ཐག་བསྒྲུབས་པ། 2014ལོར་ལུའོ་ཧའེ་པིན་གྱིས་དངུལ་སྒོར་ཁྲི་100ཙམ་གཡར་ཏེ། རང་ཉིད་ཀྱིས་སྦྱངས་པའི་དབྱི་ཐ་ལིའི་ཀོག་ཧྥེ་སྦྱོར་བའི་ལག་རྩལ་ལ་བརྟེན་ནས་ཟུང་ཆུ་གནའ་གྲོང་གི་ལྟེ་བའི་ཁྲོམ་གཞུང་དུ་ཀོག་ཧྥེ་གཙོ་བོར་བྱེད་པའི་འགྲུལ་ཁང་ཞིག་གཉེར་བ་དང་མིང་ལ“ཨ་མདོའི་ཁང་པའི་ཀོག་ཧྥེ་འགྲུལ་ཁང”ཞེས་བཏགས། དེ་ནི་ཟུང་ཆུའི་འགྲུལ་ཁང་དང་པོ་དེ་མིན་རུང་ཟུང་ཆུའི་ཆེད་ལས་ཀོག་ཧྥེ་ཁང་དང་པོ་དེ་རེད།
          “ངས་ཀོག་ཧྥེ་ལས་བྱུང་བའི་ནུབ་གླིང་རིག་གནས་དང་ཡུལ་དེའི་མི་རིགས་ཁག་གི་རིག་གནས་མཉམ་འདྲེས་བྱས་ཏེ། ཡུལ་གཞན་གྱི་ཡུལ་སྐོར་བའི་ཡིད་དབང་འགུག་པ་དང་རང་ཡུལ་གྱི་མིར་སྤྲོ་གསེང་གི་ས་ཆ་མཁོ་འདོན་བྱ་ཆེད་ཡིན”ཞེས་ལུའོ་ཧའེ་པིན་གྱིས་བཤད།
          ཁང་པའི་མཛེས་རྒྱན་ཐད་ལུའོ་ཧའེ་པིན་གྱིས་བསམ་བློ་མང་པོ་བཏང་ཞིང་། ཁོང་གི་བསམ་ཚུལ་ནི“མཉམ་བསྲེས”བྱེད་དགོས་བསམ་རུང་། གྲོགས་པོ་ཁག་གཅིག་གིས་དེ་ཡག་པོ་ཡོང་གི་མ་རེད་སྙམ་ནས་ངོ་རྒོལ་ཆེན་པོ་བྱས། དེས་ན་ལུའོ་ཧའེ་པིན་གྱིས་བསམ་བློ་གཏོང་གིན་མཛེས་རྒྱན་སྤྲས་རིང་བཤིག་བཤིག་བསྐྲུན་བསྐྲུན་ཐེངས་མང་བྱས་པས། མཐར་བསམ་ཡུལ་ལས་འདས་པའི་འབྲས་བཟང་ཐོབ། དྲ་གྲོགས་མང་པོ་ཞིག་གིས་ཨ་མདོའི་ཁང་པ་དེ་ཟུང་ཆུ་གནའ་གྲོང་གི་ཁྱད་ཆོས་ཟབ་ཤོས་ལྡན་པའི་འགྲུལ་ཁང་ཞིག་རེད་ཅེས་བརྗོད་ཀྱི་ཡོད།
          ཁང་པར་མཛེས་རྒྱན་སྤྲས་རྗེས་ལུའོ་ཧའེ་པིན་གྱིས་ད་དུང་ཡག་པོ་བྱུང་མ་སོང་སྙམ་ནས། ཁོང་དང་ལས་མི་ཚོས་དེ་གར་ཡོང་མཁན་སྐུ་མགྲོན་རྣམས་ལ་ཁྱིམ་དུ་སླེབས་པ་ལྟར་གྱི་སྣང་བ་ཞིག་སྟེར་གང་ཐུབ་བྱེད་ཅིང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཞིག་གིས་དྲ་ཐོག་ཏུ་ཨ་མདོའི་ཁང་པར“ཞབས་ཞུ་བ་མང་ཆེ་བས་དབྱིན་སྐད་ཤོད་ཤེས་ཁར། ཁོང་ཚོས་དུས་དང་རྣམ་པ་ཀུན་ཏུ་ང་ཚོར་གནད་དོན་ཐག་གཅོད་བྱེད་རོགས་བྱེད་ཀྱི་འདུག”ཅེས་དྲ་ཐོག་ཏུ་དྲན་འཆར་བཀོད་ཡོད།
          རྗེས་སུ་ལུའོ་ཧའེ་པིན་གྱིས་བསམ་པ་ཇི་བཞིན“འབད་བརྩོན་བྱས་ན་བྱ་གཞག་ལེགས་གྲུབ་ཐུབ་ངེས་ཡིན”ཞེས་པ་ལྟར་བྱུང་ཡོད། ཚོང་རྒྱག་པའི་ལོ་དང་པོ་དེར་ཁོང་གིས་བུ་ལོན་ཚང་མ་འཇལ་བ་དང་ད་ཆ་ལོ་ལྟར་ཁེ་བཟང་མང་པོ་རག་གི་ཡོད།
          “བསགས་པའི་དངུལ་རྣམས་ཀྱིས་འདི་ལོ་འགྲུལ་ཁང་གསར་པ་ཞིག་རྒྱག་མཁན་ཡིན། དེར‘ཨ་མདོའི་ཁང་པ’ཞེས་མིང་འདོགས་རྒྱུ་མིན་རུང་འགྲུལ་ཁང་དེ་ཟུང་ཆུར་བསྐྲུན་རྒྱུ་ཡིན”ཞེས་ལུའོ་ཧའེ་པིན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།