འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་སོགས་ཁུལ་གྱི་PPPརྣམ་པས་སྲིད་གཞུང་གི་སྤྱི་པའི་ཞབས་ཞུ་ལེགས་སུ་
    འགྲོ་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཏཱ་ལིའི“མ་ཡུམ་མཚེའུ”དང་ཡུན་ནན་གྱི་མིང་བྱང་ལྟ་བུ་ཡིན་པའི་ཨར་ཧའེ་བཅོས་སྐྱོང་དང་སྲུང་སྐྱོབ་ལ་མི་ཀུན་གྱི་དོ་ཁུར་ཐོབ་ཡོད། འོན་ཀྱང་མ་དངུལ་མང་པོ་གཏོང་དགོས་པ་དང་། ལས་ཡུན་རིང་བ། ས་གནས་ཀྱི་ནོར་ཤུགས་མི་འདང་བ་བཅས་ཀྱིས་རྐྱེན་པས་ཨར་ཧའེ་ཕྱོགས་སུ་རྒྱུག་པའི་སྦགས་བཙོག་གཏན་འགོག་བྱེད་པ་དང་ཨར་ཧའེ་ཡི་སྣོད་བཅུད་ཁོར་ཡུག་རྩ་བའི་ཆ་ནས་ལེགས་སུ་གཏོང་རྒྱུ་དེ་དུས་སྐབས་ཤིག་རིང་མི་ཚོའི་ཕུགས་བསམ་ལྟ་བུར་གྱུར་ཡོད།
         PPPརྣམ་པ་ནང་འདྲེན་བྱས་པ་ནས་ཕུགས་བསམ་དེ་མངོན་འགྱུར་བྱུང་ཡོད། ནོར་སྲིད་པུའིPPPདཔེ་སྟོན་རྣམ་གྲངས་གྲས་ཤིག་ཡིན་པའི་ངོས་ནས་ཏཱ་ལི་གྲོང་ཁྱེར་ཨར་ཧའེ་མཚོ་སྐོར་གྱི་སྦགས་བཙོག་གཏན་འགོག་གི་PPPརྣམ་གྲངས(དུས་ཐེངས་དང་པོ)2015ལོར་ལག་བསྟར་བྱེད་འགོ་ཚུགས་ཡོད། སྤྱི་ཚོགས་ཀྱི་མ་རྩ་འདྲེན་པ་བརྒྱུད་གྲོས་མཐུན་བཞག་པའི་མ་དངུལ་སྒོར་དུང་ཕྱུར་29.8ཟིན་པ་དེ་སྔོན་གྱི་འཆར་གཞི་ལས་སྒོར་དུང་ཕྱུར་5.1གྲོན་ཆུང་བྱས་པ་མ་ཟད། ད་དུང“འགྲོ་སོང་ཉུང་ཉུང་བཏང་ནས་བྱ་བ་མང་པོ་སྒྲུབ་པའི”དམིགས་ཚད་མངོན་འགྱུར་བྱུང་ཡོད།
          གཞན་ཡང་། ཁུན་མིང་གྲོང་ཁྱེར་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ཨང་དགུ་པ་དང་། བདེ་ཆེན་ཀྲོའུ་སེམས་ཀྱི་ཉི་ཟླའི་གཅིག་སྡུད་དྲོད་རླངས་མཁོ་འདོན། ཡུན་ནན་ལྷོ་རྒྱུད་ལྟེ་གནས་གྲོང་ཁྱེར་འདུ་ཚོགས་ཀྱི་དེང་རབས་ཅན་གྱི་ལྕགས་ལམ་གློག་འཁོར་སོགས་དངུལ་མི་འདང་བའི་རྐྱེན་གྱིས་མཚམས་འཇོག་བྱེད་དགོས་བྱུང་བའི་རྣམ་གྲངས་ལ་PPPརྣམ་པ་སྤྱད་པས་རྣམ་གྲངས་བསྐྱར་དུ་ལག་བསྟར་བྱ་རྒྱུ་བྱུང་ཡོད། ཡུན་ནན་ཞིང་ཆེན་ནོར་སྲིད་ཐིང་གི་ཐིང་ཀྲང་ཁྲེན་ཅན་གོས་ཡུན་ནན་གྱིས་PPPརྣམ་པ་བརྒྱུད་དེ་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྣམ་པ་ལེགས་སུ་གཏོང་བ་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཐོབ་ཡོད་ཅེས་བཤད་པ་རེད།
          སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་PPPརྣམ་པ་ཁྱབ་གདལ་བེད་སྤྱོད་གཏོང་བ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་ཞིག་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན། 2013ལོ་ནས་བཟུང་། ནོར་སྲིད་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་PPPརྣམ་པ་སྒྱུར་བཅོས་ལས་དོན་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སྐྱོད་པ་དང་གོ་སྐབས་གསར་པ་འཕྲད་རྒྱུར་སྐུལ་འདེད་བཏང་ཡོད།
          ཕུལ་བྱུང་གི“དཔེ་གཞི”དང“ཚད་ཤིང”ནི་PPPརྣམ་པར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། 2016ལོའི་ལོ་མཇུག་བར་ནོར་སྲིད་སྡེ་ཚན་གྱིས་ཁག་གསུམ་གྱི་PPPདཔེ་སྟོན་རྣམ་གྲངས་ཁྱོན་བསྡོམས་743བཏོན་ནས་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། གཞན་ཡང་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.86ཟིན་ནས་PPPརྣམ་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར“སྒུལ་ཤུགས་གསར་པ”བསྣན་ཡོད།
          མ་འོངས་ལ་རྒྱང་ལྟ་བྱེད་སྐབས་PPPརྣམ་པ་སྒྱུར་བཅོས་ལས་དོན་མུ་མཐུད་སྤེལ་དགོས་ཤིང་། ནོར་སྲིད་པུའི་འབྲེལ་ཡོད་འགན་ཁུར་བས་2017ལོར་ནོར་སྲིད་སྡེ་ཚན་གྱིས་PPPརྣམ་པ་སྒྱུར་བཅོས་ལས་དོན་ལ་སྔར་བཞིན་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་སྟེ། “དོན་འཁྱོལ་ལ་དམ་འཛིན”དང“ཚད་ལྡན་ལ་ཤུགས་སྣོན”ཐད་འབད་བརྩོན་བྱེད་པ་དང་། དངུལ་རྩའི་རྒྱབ་སྐྱོར་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་PPPརྣམ་གྲངས་གང་མགྱོགས་དོན་འཁྱོལ་ཐུབ་པའི་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་དང་རྣམ་གྲངས་ཚད་ལྡན་ངང་ལག་བསྟར་ལ་ཤུགས་སྣོན་བརྒྱབ་སྟེ་རང་རྒྱལ་གྱི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་སྤུས་ཚད་དང་ལས་ཆོད་ཧྲིལ་པོ་མཆོང་སྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།