འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱི་རི་མཐོའི་རྒུན་འབྲུམ་ཨ་རག་གྲོང་ལ་འཚམས་འདྲིར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། པར་ཙིར་གྱི་ལྷོ་རྒྱུད་དུ་ཡོད་པའི་ཧྲེང་ནོ་ཨ་ཅིན་ལ་ལས་རིགས་གཅིག་པ་བ་ཚོས“རི་མཐོའི་རྒུན་འབྲུམ་ཨ་རག་གྲོང”ཞེས་བརྗོད། གྲོང་དེར་གཞི་ཁྱོན་ཆེ་ཆུང་མི་འདྲ་བའི་ཨ་རག་སྙོལ་ཁང་35ཡོད་པ་ནས་ལོ་རེར་རྒུན་འབྲུམ་ཨ་རག་ཐོན་ཚད་ཤེལ་དམ་ཁྲི་40ལྷག་ཙམ་ཟིན་གྱི་ཡོད། “ཀུ་ཤུའི་གྲོང”ནས“རི་མཐོའི་རྒུན་འབྲུམ་ཨ་རག་གྲོང”དུ་གྱུར་པའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་1360ཡོད་པའི་རི་གྲོང་དེས་དམིགས་བསལ་གྱི་གནམ་གཤིས་དང་ས་ཁམས་ཆ་རྐྱེན་ལ་བརྟེན་པ་དང་ཆབས་ཅིག་ཡོ་རོབ་ཀྱི་སྐད་གྲགས་ཆེ་བའི་ཨ་རག་སྙོལ་ཁང་ནས་ཤེས་ལྡན་པ་དང་ལག་རྩལ་པ་ནང་འདྲེན་ཡང་བྱས་ཤིང་། ཉེ་བའི་ལོ་བཅུའི་ནང་ཨ་མེ་རི་ཁ་གླིང་ལྷོ་མའི་རྒུན་འབྲུམ་ཨ་རག་གི་མངའ་ཁོངས་སུ་ཐོན་འགོ་ཚུགས་ཡོད།
         ལོ་ལྟར་གྱི་ཟླ་བ་གསུམ་པར་ཧྲེང་ནོ་ཨ་ཅིན་དུ“རི་མཐོའི་རྒུན་འབྲུམ་ཨ་རག་གི་ཡུལ་སྐོར་དུས་ཆེན”གཏོང་བའི་སྲོལ་ཞིག་ཆགས་ཤིང་། རྒུན་འབྲུམ་ཨ་རག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཚོགས་པ་ཕུད། ད་དུང་ཧྲེང་ནོ་ཨ་ཅིན་ཡུལ་སྐོར་ཅུས་ཀྱིས་ཨ་རག་སྙོལ་ཁང་དུ་སྐྱོད་པའི་ལམ་བུ་མང་དག་ཀྱང་ཇུས་འགོད་བྱས་ནས་ཡུལ་སྐོར་བར་རྒུན་འབྲུམ་འཐོག་པ་དང་། ཨ་རག་སྙོལ་བཟོའི་ལག་རྩལ་ཤེས་རྟོགས་བྱེད་པ། རྒུན་འབྲུམ་ཨ་རག་སྣ་ཚོགས་ཀྱི་བྲོ་བ་མྱོང་བ་བཅས་ཀྱི་གོ་སྐབས་ཤིག་མཁོ་འདོན་བྱས་ཡོད།
         ཞིང་ལས་རིགས་གཅིག་མཁས་པ་ཕེ་ལི་ཕེ་ཐུའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དེང་རབས་བཟོ་རྩལ་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་ཨ་རག་སྙོལ་བའི་ཚད་གཞི་ཡང་དམའ་རུ་སོང་ཡོད། ཧྲེང་ནོ་ཨ་ཅིན་གྱི་ཨ་རག་སྙོལ་ཁང་མང་ཆེ་བས་དབྱི་ཐ་ལི་དང་ཧྥ་རན་སེ་སོགས་ནས་ཆེད་ལས་ཐོན་སྐྱེད་སྒྲུབ་རིམ་ནང་འདྲེན་བྱས་ཤིང་། ཁོང་ཚོས་རྒུན་འབྲུམ་སོས་ཐོག་ཏུ་བཏོགས་རྗེས་ཧྲག་སྒྲུག་བརྒྱབ་ནས་དགོས་མཁོ་གཞིར་བཟུང་རྒུན་འབྲུམ་ཨ་རག་སྣ་ཚོགས་སྙོལ་གྱི་ཡོད།
         “སྤྱིར་ན་ལོ་བཅུ་ཡན་གྱི་སྡོང་པོར་བཏགས་པའི་རྒུན་འབྲུམ་རྡོག་པོ་ཆེ་ལ་མངར་རྒྱུ་མང་ཞིང་། རྒུན་འབྲུམ་དེ་དག་ནི་ཨ་རག་སྙོལ་བའི་རྒྱུ་ཆ་ཡག་ཤོས་ཡིན། ཧྲེང་ནོ་ཨ་ཅིན་གྱི་ཨ་རག་སྙོལ་ཁང་དག་ལ་ཆ་མཚོན་ན། ཐོན་འབབ་ཆེ་བའི་དུས་བཟང་ཞིག་ལ་སླེབས་ཡོད”ཅེས་ཕེ་ལི་ཕེ་ཐུའོ་ཡིས་བཤད་བྱུང་།
         ཧྲེང་ནོ་ཨ་ཅིན་གྱི་དམིགས་བསལ་ཆེ་བའི་ས་ཁམས་ཆ་རྐྱེན་དེས་རྒུན་འབྲུམ་ཨ་རག་ལ་དགའ་པོ་བྱེད་མཁན་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་ཅིང་། གཞན་ཡང་ཡུལ་དེའི་མི་མང་པོ་ཞིག་གིས་རྒུན་འབྲུམ་ཨ་རག་སྙོལ་བ་ནི་འཚོང་བའི་ཆེད་དུ་མིན་པར་རང་ཉིད་ཀྱིས་འཐུང་བའམ་ཡང་ན་གྲོགས་པོ་གྲོགས་མོར་བཀྱག་པའི་ཆེད་དུ་རེད། ལོ་ལྔ་བཅུ་ལྷག་ཙམ་ལ་སླེབས་པའི་ཅ་ཤིས་ཡར་ཧྲེང་ཁ་ཐ་ལིན་ན་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་དུ་མིག་ནད་སྨན་ཁང་ཞིག་ཡོད། ཁོང་གིས་ལོ་བཅུའི་གོང་དུ་ཡུལ་དེ་ནས་ས་ཆ་སྤྱི་ཆིང་བརྒྱ་ལྷག་ཙམ་ཉོས་པའི་ཁར་ཧྥ་རན་སེའི་པོའར་ཏོ་ནས་རིགས་གཅིག་མཁས་པ་གདན་དྲངས་ཏེ་རྒུན་འབྲུམ་འདེབས་པ་དང་ཨ་རག་སྙོལ་ཞིང་། ལོ་ལྟར་ཨ་རག་ཤེལ་དམ་ཁྲི་བཞི་ལྔ་ཐོན་པ་རྣམས་གྲོགས་པོ་གྲོགས་མོར་ལག་རྟགས་སུ་སྤྲོད་ཀྱི་ཡོད།
         མིག་སྔར་ཧྲེང་ནོ་ཨ་ཅིན་གནས་སའི་ཧྲེང་ཁ་ཐ་ལིན་ན་ཀྲོའུ་ཡི་གྲོང་ཁྱེར་བདུན་གྱིས་ཀྲུང་གོའི་གྲོང་ཁྱེར་དང་མཛའ་གྲོགས་འབྲེལ་བ་བཙུགས་ཡོད། ཀྲོའུ་དེ་ཁོངས་ཀྱི་ཏོ་ལེང་གྲུ་ཁ་ནི་པར་ཙིར་གྱི་སྲན་ཆེན་ཀྲུང་གོར་ཕྱིར་གཏོང་བྱེད་སའི་གྲུ་ཁ་གལ་ཆེན་ཞིག་རེད། ཧྲེང་ནོ་ཨ་ཅིན་གྱི་རི་མཐོའི་རྒུན་འབྲུམ་ཨ་རག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལན་ཏོ་ཡིས་གསར་འགོད་པར་རི་མཐོའི་རྒུན་འབྲུམ་ཨ་རག་གཞི་བརྟེན་དུ་བྱས་ཏེ་ཀྲུང་གོའི་ཁེ་ལས་དང་ཡུལ་སྐོར་བ་སྔར་བས་མང་པོ་ཞིག་སྣོད་བཅུད་ཡུལ་སྐོར་རྣམ་གྲངས་ནང་ཞུགས་རྒྱུའི་བརྩོན་ལེན་བྱས་ནས་པར་ཀྲུང་ཚོང་དོན་མཉམ་ལས་དང་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་ཐུབ་པའི་རེ་བ་འཆང་གི་ཡོད་ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།