འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཅིབ་ཀྱིས་སྒེར་བཙུགས་སློབ་ཆེན་དུ་རྒྱ་ཡིག་སློབ་ཁྲིད་ས་ཚིགས་དང་པོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ཨེ་ཅིབ་དབྱིན་ཇིའི་སློབ་ཆེན་དུ་བཙུགས་པའི་རྒྱ་ཡིག་སློབ་ཁྲིད་ས་ཚིགས་སུ་མིང་རྟགས་འགོད་པའི་མཛད་སྒོ་གཉེར་ཞིང་། དེ་ནི་ཨེ་ཅིབ་ཀྱི་སྒེར་བཙུགས་སློབ་ཆེན་དུ་བཙུགས་པའི་རྒྱ་ཡིག་སློབ་ཁྲིད་ས་ཚིགས་དང་པོ་དེ་ཡིན་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ཨེ་ཅིབ་དབྱིན་ཇིའི་སློབ་ཆེན་དུ་གནས་ཚད་མི་འདྲ་བའི་རྒྱའི་སྐད་ཡིག་འཛིན་གྲྭ་དང་ཀྲུང་གོའི་རིག་གནས་འཛིན་གྲྭ་བཙུགས་པའི་ནང་། རྒྱའི་སྐད་ཡིག་སློབ་ཁྲིད་བྱེད་པ་ཕུད་གཞན་ཡང་དྲག་རྩལ་དང་ཀྲུང་གོའི་གླུ་གཞས་སོགས་ཀྱི་ནང་དོན་འཁྲིད་པ་མ་ཟད། ཀྲུང་གོའི་རིག་གནས་ལ་དགའ་ཞེན་ཡོད་པའི་སློབ་ཕྲུག་ལ་དམིགས་ནས་ཀྲུང་གོར་དུས་ཐུང་བསྐྱོད་དེ་སློབ་སྦྱོང་བྱེད་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཡང་སྤྲོད་ཀྱི་ཡོད་པ་རེད།
          ཨ་ལེག་ཟན་རྡར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཞུས་ནན་ཧྲན་གྱིས་མིག་སྔར་ཨེ་ཅིབ་ཏུ་མཐོ་སློབ་14ཡིས་རྒྱའི་སྐད་ཡིག་སློབ་ཁྲིད་བྱེད་པ་དང་སློབ་ཕྲུག་5000ལྷག་གིས་རྒྱའི་སྐད་ཡིག་སྦྱོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
          སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཀྲུའུ་ཐིན་ཐིན་གྱིས་ཨེ་ཅིབ་དབྱིན་ཇིའི་སློབ་ཆེན་ནི་ཨེ་ཅིབ་ཀྱི་སྒེར་བཙུགས་གྲགས་ཅན་མཐོ་སློབ་ཀྱི་གྲས་ཤིག་ཡིན་པས་དེའི་སློབ་ཁྲིད་ཐོན་ཁུངས་དང་སློབ་མའི་བྱང་ཚད་ཨེ་ཅིབ་ཀྱི་མཐོ་སློབ་ཁྲོད་མདུན་གྲས་སུ་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།