འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀག་ནར་ཀྲུང་གོའི་ཁེ་ལས་ཀྱིས་སློབ་གླིང་ནས་ལས་མི་བསྡུ་བའི་འདུ་ཚོགས་སྐབས་དང་པོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀག་ནའི་ཀྲུང་གོའི་ཁེ་ལས་ཀྱི་སློབ་གླིང་ནས་ལས་མི་བསྡུ་བའི་འདུ་ཚོགས་སྐབས་དང་པོ་རྒྱལ་ས་ཨ་ཁ་རའི་ཀག་ན་སློབ་ཆེན་དུ་གཉེར་བ་རེད། ཀག་ནར་བཅའ་སྡོད་ཀྲུང་གོའི་ཁེ་ལས་35ཡིས་ལས་ཞུགས་ལས་གནས་230ཙམ་མཁོ་འདོན་བྱས་པ་དེས་སློབ་མ་1000ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད།
          ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་དེ་ཀག་ན་སློབ་ཆེན་ཁུང་ཙི་སློབ་གླིང་གིས་གཙོ་གཉེར་བྱས་ཤིང་། ཁུང་ཙི་སློབ་གླིང་གི་ཡོན་ཀྲང་མའེ་མེ་ལན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ནང་ཞུགས་པའི་ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས་ཀྱི་ཁྱབ་ཁོངས་ནང་ལས་གྲྭ་དང་། འཕྲིན་གཏོང་། ཚོང་དོན། བཟོ་སྐྲུན་ལས་རིགས། ཞིང་ལས། རིག་གནས། དྲ་སྦྲེལ་སོགས་ཚུད་ཡོད་པ་དང་ལས་མི་བསྡུ་བའི་འདུ་ཚོགས་ཐོག་ཨ་ཁ་རའི་མཐོ་སློབ་ཀྱི་ལོ་དེ་རང་དུ་ཐོན་པའི་སློབ་མ་ཡོད་ལ། ས་ཁུལ་གཞན་དག་གི་མཐོ་སློབ་སློབ་མ་མང་པོའང་ཡོད།
          ཀག་ན་སློབ་ཆེན་གྱི་ལོ་རིམ་བཞི་པའི་སློབ་མ་གཡོད་སེ་ཕུའུ·ཡའོ་སེན་གྱིས་གསར་འགོད་པར“ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ཐོག་བློ་ཡིད་ཚིམ་པའི་ལས་ཀ་མང་པོ་འདུག་ལ། གདམ་གཞི་ཆེན་པོ་འདུག སླད་ཕྱིན་ཀྲུང་གོའི་ཁེ་ལས་ཀྱིས་ལོ་ལྟར་སློབ་གླིང་དུ་ལས་མི་བསྡུ་བའི་འདུ་ཚོགས་དེ་འདྲ་གཉེར་ནས་ང་ཚོར་འཕེལ་རྒྱས་ཀྱི་ཁོར་ཡུག་དེ་བས་ལེགས་པ་གཏོད་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།