འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གིས“དྲ་སྦྲེལ+”དང་ཟུང་འབྲེལ་བྱས་ནས་གཞོན་ནུ་ལོ་ཆུང་ལ་དུག་རྫས་སྔོན་
    འགོག་གི་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན་གསར་འགོད་པས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཤིན་ཅང་གིས“དྲ་སྦྲེལ+”དང་ཟུང་འབྲེལ་བྱས་ནས་གཞོན་ནུ་ལོ་ཆུང་ལ་དུག་རྫས་སྔོན་འགོག་གི་སློབ་གསོ་གཏོང་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཡོད།
          མིག་སྔར་རྒྱལ་སྤྱི་དང་རྒྱལ་ནང་དུ་དུག་རྫས་དུས་བབ་ཀྱི་ཤུགས་རྐྱེན་ཕོག་པའི་འོག་ཉེ་བའི་ལོ་ཤས་རིང་དུག་རྫས་དང་འབྲེལ་བ་ཡོད་པའི་མི་ཚོགས་ཀྱི་ཆ་སྙོམས་ལོ་ཚད་ལོ་རེ་བཞིན་དམའ་རུ་ཕྱིན་ཡོད། དེར་བརྟེན་ཤིན་ཅང་གིས་གཞོན་ནུ་ལོ་ཆུང་ལ་དུག་རྫས་སྔོན་འགོག་གི་སློབ་གསོ་རྒྱག་རྒྱུ་དེ་དུག་འགོག་ལས་དོན་གྱི་འཐབ་ཇུས་ཀྱི་བྱེད་ཐབས་གྲས་ཤིག་ལ་གཏན་འཁེལ་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་2016ལོར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སློབ་གྲྭའི་འཕྲོད་བསྟེན་ལས་དོན་གྱི་ཕྱོགས་བསྡུས་དོ་དམ་ཆ་འཕྲིན་ལས་སྟེགས་རྨང་གཞིར་བྱས་ནས“སློབ་གྲྭའི་དུག་འགོག་ཆ་འཕྲིན་དོ་དམ་མ་ལག”ཞིག་བཙུགས་ཡོད་པ་རེད།
          “སློབ་གྲྭའི་དུག་འགོག་ཆ་འཕྲིན་དོ་དམ་མ་ལག”ལས་སྟེགས་དེས་གཞོན་ནུ་ལོ་ཆུང་གི་ལུས་ཁམས་དང་སེམས་ཁམས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བྱེད་ཐབས་སྣ་མང་སྤྱད་དེ་དུག་འགོག་ཤེས་བྱ་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་མ་ཟད། སློབ་གྲྭའི་སློབ་དུས་རེའི་གཟུགས་པོ་བརྟག་དཔྱད་ཀྱི་གྲངས་གཞི་སྤྱད་དེ་ལྗོངས་ཡོངས་ཀྱི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་ཁྱབ་ཚད་དང་དུག་འབྲེལ་སློབ་མའི་འགྲོ་སྐྱོད་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་པ་དང་ཆབས་ཅིག ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་དམིགས་བསལ་རང་བཞིན་ལྡན་པའི་སྒོ་ནས་ལུགས་མཐུན་གྱི་དུག་རྫས་སྔོན་འགོག་སློབ་གསོའི་སྲིད་ཇུས་བཟོས་ཡོད་པ་རེད།
         མིག་སྔར། ཤིན་ཅང་གི་ས་ཁུལ་(ཀྲོའུ་དང་གྲོང་ཁྱེར)15དང་། རྫོང་(གྲོང་ཁྱེར་དང་ཆུས)105ཡི་དུག་འགོག་དང་སློབ་གསོ་དང་དེ་བཞིན་འཕྲོད་བསྟེན་གཙོ་གཉེར་སྡེ་ཚན་དང་། སློབ་མའི་གཟུགས་པོ་བརྟག་དཔྱད་ཀྱི་སྨན་བཅོས་སྒྲིག་གཞི་996སློབ་གྲྭ་ཆེ་འབྲིང་ཆུང་5500བཅས་ཚང་མས་“སློབ་གྲྭའི་དུག་འགོག་ཆ་འཕྲིན་དོ་དམ་མ་ལག”ཁྱབ་གདལ་དང་བེད་སྤྱད་ནས་ལྗོངས་ཡོངས་ཀྱི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་350ལྷག་ཙམ་དང་དེ་བཞིན་ཁྱིམ་ཚང་ཁྲི་བརྒྱ་ཕྲག་ལ་ཆེད་ལས་དུག་རྫས་སྔོན་འགོག་སློབ་གསོ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།