འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་
    ཐད་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་
ཐད་རེ་འབོད་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་དེ་མིན་རྒྱལ་སྤྱིའི་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་མ་ཁྲའོ་ཤུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་34པའི་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་ཞུས་ནས“གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྒྲིག་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས”ཞེས་འགོ་བརྗོད་དུ་འཁོད་པའི་ཐུན་མོང་གི་གཏམ་བཤད་གནང་ནས་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྒྲིག་འཕེལ་རྒྱས་གཏོང་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་འགྲུབ་བསྐྲུན་དགོས་ཞེས་ནན་བཤད་གནང་ཞིང་། གོང་གི་པར་རིས་ནི་ཚོགས་ཞུགས་འཐུས་མི་སུའེ་ཙེར་རི་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་34པར་ཞུགས་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།