འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་སྐར་འབྲས་1:0ཐོག་ནས་ལྷོ་ཁོ་རེ་ཡའི་རྐང་རྩེད་སྤོ་ལོ་
    རུ་ཁག་ཕམ་པར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    རུ་མི་ཡུས་ཏ་པའོ་ཡིས་འགྲན་བསྡུར་ཁྲོད་སྤོ་ལོ་བླུག་པ།
    རུ་མི་ཡུས་ཏ་པའོ་ཡིས་འགྲན་བསྡུར་ཁྲོད་སྤོ་ལོ་བླུག་པ།
           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་གྱི་དགོང་མོར། རྩལ་འཁྲིད་པ་ལི་ཕི་ཡིས་སྣེ་ཁྲིད་པའི་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་གི་རུ་མི་ཡུས་ཏ་པའོ་ཡིས་འགྲན་ཡུན་སྐར་མ་34སྐབས་བླུག་པའི་སྐར་གྲངས་1:0ལ་བརྟེན་ནས་ལྷོ་ཁོ་རེ་ཡའི་རྐང་རྩེད་སྤོ་ལོ་རུ་ཁག་ལས་རྣམ་པར་རྒྱལ་བས། འཛམ་གླིང་རྐང་རྩེད་སྤོ་ལོ་འགྲན་ཚོགས་ཀྱི་ཨེ་ཤ་ཡ་ཁུལ་གྱི་གྲ་སྒྲིག་འགྲན་བསྡུར་ནང་གི་རུ་ཁག་12ཁྲོད་ཀྱི་རྒྱལ་ཁ་དང་པོ་བླངས་པ་རེད། དེ་སྔོན། ཀྲུང་གོའི་རྐང་རྩེད་སྤོ་ལོ་རུ་ཁག་ལ་གྲ་སྒྲིག་འགྲན་བསྡུར་ནང་གཉིས་རྒྱལ་གསུམ་ཕམ་བྱུང་བས། སྐར་2མ་གཏོགས་མ་རག་པ་རེད།
             ཀྲུང་གོའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་ཐེངས་འདིའི་འགྲན་བསྡུར་ནང་རྒྱལ་ཁ་བླངས་རྗེས། སི་རི་ཡས་འགྲན་འཁོར་དྲུག་པར་ཝུའུ་ཙི་པིའེ་ཁེ་སི་ཐན་ཕམ་པར་བཟོས་པས། ཚན་ཆུང་འདིའི་སྐར་གྲངས་ཀྱི་གནས་ཚུལ་རྙོག་ཟིང་ཆེ་ནའང་། ཀྲུང་གོའི་རྐང་རྩེད་སྤོ་ལོ་རུ་ཁག་ཚན་ཆུང་གི་ཨང་གསུམ་པའམ་ཡང་ན་རིམ་འཕར་འབྱུང་ཐུབ་རེ་ཡོད་པ་རེད།
    ལྟད་མོ་བ་ཚོས་ངར་ཤུགས་སློང་བ།
    ལྟད་མོ་བ་ཚོས་ངར་ཤུགས་སློང་བ།
    འགྲན་བསྡུར་ནང་སྤོ་ལོ་འཕྲོག་རེས་བྱེད་པ།
    འགྲན་བསྡུར་ནང་སྤོ་ལོ་འཕྲོག་རེས་བྱེད་པ།
    ཀྲུང་གོའི་ལྟད་མོ་བ་ཚོས་རུ་ཁག་ལ་ངར་ཤུགས་སློང་བཞིན་པ།
    ཀྲུང་གོའི་ལྟད་མོ་བ་ཚོས་རུ་ཁག་ལ་ངར་ཤུགས་སློང་བཞིན་པ།
    རུ་མི་ཚོས་ལྟད་མོ་བ་ཚོར་གུས་འདུད་ཞུ་བ།
    རུ་མི་ཚོས་ལྟད་མོ་བ་ཚོར་གུས་འདུད་ཞུ་བ།
      

    ཕྱོགས་བསྡུས་གསར་འགྱུར།