འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གོ་རིམ་འགོ་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན། གོང་ཚེས་ཉིན་དབྱིན་ཇི་སྲིད་གཞུང་གི་མགྲིན་ཚབ་པས་སྨྱན་སྦྱོར་ལ་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ·མེ་ཡིས་ཟླ་འདིའི་ཚེས་29ཉིན་《ལི་སི་པོན་གྱི་ཆིངས་ཡིག་》གི་དོན་ཚན་50ལག་བསྟར་བྱེད་འགོ་འཛུགས་རྒྱུ་དང་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གོ་རིམ་དངོས་སུ་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་རེད་ཅེས་བཤད་པ་རེད།
         མགྲིན་ཚབ་པས་ཐེ་ལེ་ཧྲ·མེ་ཡིས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་གཞན་དག་27ལ་འཕྲིན་ཡིག་སྤྲིངས་ནས་ཁོང་ཚོར་དབྱིན་ཇིས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གོ་རིམ་དངོས་སུ་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་པ་ཞུ་རྒྱུ་མ་ཟད། སྔ་ཙམ་ནས་ཡོ་རོབ་མནའ་འབྲེལ་དབར་དང་གྲོས་མོལ་བྱ་རྒྱུའི་རེ་བ་ཡོད་ཅེས་ཞུ་རྒྱུ་ཡིན་ཞེས་བཤད། མགྲིན་ཚབ་པས་ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེ་མོ་བས་དེ་ཉིན་སྔ་པོ་ནས་གཏན་འབེབས་དེ་ཡོ་རོབ་ལས་འཛིན་ལྷན་ཚོགས་ལ་ཞུས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།