འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་དང་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གིས“2+2”
    གྲོས་མོལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན། རི་པིན་དང་ཨུ་རུ་སུས་ཚེས་20ཉིན་ཐོ་ཁེའོ་རུ་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི“2+2”གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་པོས་ཁྲའོ་ཞན་གྱི་ཉིང་རྡུལ་དང་འཕུར་མདེལ་གྱི་གནད་དོན་དང་འཇིགས་རྒོལ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་བྱེད་ཀྱི་ཡོད་ཀྱང་། མངའ་ཁོངས་ས་ཆའི་རྩོད་གཞིའི་གནད་དོན་ལ་སྔར་བཞིན་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་མེད་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ད་དུང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་དུ་ཨ་རིས་འཕུར་མདེལ་འགོག་པའི་མ་ལག་བཀོད་སྒྲིག་བྱས་པར་སེམས་འཚབ་བྱེད་ཀྱི་ཡོད་པ་རེད།
         གོང་ཚེས་ཉིན་རི་པིན་གྱི་ཕྱི་དོན་བློན་ཆེན་ཨན་ཐེན་ཝུན་ཞུང་དང་འགོག་སྲུང་བློན་ཆེན་ཏའོ་ཐེན་ཕུང་མེ་ཡིས་འཚམས་འདྲིར་སླེབས་པའི་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་དང་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་དང་གྲོས་མོལ་བྱས་པ་རེད། དེ་ནི་2014ལོར་ཡུག་རེན་གྱི་ཉམས་ཉེན་ཐོན་ཚུན་རི་པིན་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས“2+2”གྲོས་མོལ་བྱེད་ཐེངས་དང་པོ་དེ་རེད།
         ཕྱོགས་གཉིས་པོས་ཁྲའོ་ཞན་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལ་བརྩི་སྲུང་ཞུ་བ་དང་ཉིང་རྡུལ་མཚོན་ཆ་དང་འཕུར་མདེལ་གྱི་འཆར་གཞི་དོར་དགོས་པའི་སྐུལ་མ་གཏོང་རྒྱུའི་ངོས་འཛིན་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། རི་པིན་དང་ཨུ་རུ་སུས་ད་དུང་འགོག་སྲུང་སྤེལ་རེས་དང་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱ་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གྲུབ་རྒྱུར་མུ་མཐུད་སྐུལ་མ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།