འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་བོད་
    དུ་ཕྱིར་ལོག་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བོད་ལྗོངས་ཀྱི་འཐུས་མི་ཚོས་ཚོགས་འདུའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ཏེ་གནམ་གྲུར་བཞུགས་ནས་ལྷ་སར་ཕྱིར་ལོག་གནང་བ་རེད།
         བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་རྡོ་ཐོགས་གནམ་ཐང་དུ་འཐུས་མི་ཚོ་བསུ་བར་ཕེབས་པ་མ་ཟད་ཁོང་ཚོར་མཇལ་དར་བསྒྲོན་ནས་འཚམས་འདྲི་ཞུས་པ་རེད།
         སླར་ཡང་གནས་ཚུལ་འབྱོར་གསལ། ཚེས་19ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བོད་ལྗོངས་ཀྱི་ཨུ་ཡོན་ཚོས་ཚོགས་འདུའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ཏེ་གནམ་གྲུར་བཞུགས་ཏེ་ལྷ་སར་ཕྱིར་ལོག་གནང་བ་རེད།
          བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ངག་དབང་གནམ་ཐང་དུ་ཨུ་ཡོན་ཚོ་བསུ་བར་ཕེབས་པ་མ་ཟད་ཨུ་ཡོན་ཚོར་མཇལ་དར་བསྒྲོན་ནས་འཚམས་འདྲི་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།