འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཚྭའི་རིན་གོང་ཐད་ཁྲོམ་རའི་སྙོམས་སྒྲིག་རིན་གོང་ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཚྭ་ལས་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཚྭ་ལས་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་དོན་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། སྒྱུར་བཅོས་ཇུས་གཞི་དོན་འཁྱོལ་བྱ་ཆེད། ད་ཆ་《ཚྭ་ལས་ཆེད་ཚོང་བྱེད་ཐབས་(བཟོ་བཅོས་འཆར་ཟིན)》དང་《ཚྭ་ལས་དོ་དམ་སྲོལ་ཡིག་(བཟོ་བཅོས་འཆར་ཟིན)》དང་དེ་དག་གི་གསལ་བཤད་ཚང་མ་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཐོག་བསམ་འཆར་བསྡུ་རྒྱུ་རེད།
           《ཚྭ་ལས་ཆེད་ཚོང་བྱེད་ཐབས་(བཟོ་བཅོས་འཆར་ཟིན)》དེ་《ཇུས་གཞིའི་》ཚྭ་ཐོན་སྐྱེད་སྡེབ་ཚོང་ས་ཁོངས་ཚོད་འཛིན་ཐད་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་བླང་བྱ་ལྟར་ཚྭ་ལས་གཏན་འཁེལ་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱིས་ཚྭ་སྡེབ་ཚོང་བྱེད་ཆོག་ལ་ཚྭ་སྡེབ་ཚོང་ཁེ་ལས་ཀྱིས་ས་ཁོངས་སྒྲོལ་ནས་ཚོང་གཉེར་ཡང་བྱེད་ཆོག ཚྭ་གཏན་འཁེལ་ཐོན་སྐྱེད་དང་སྡེབ་ཚོང་བྱེད་མཁན་ཁེ་ལས་ཚད་ལྡན་དུ་གཏོང་བའི་ཆ་རྐྱེན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚྭ་ལས་གཙོ་འགན་སྒྲིག་གཞིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བཟོ་རྒྱུ་དང་། འབྲེལ་ཡོད་ཆོག་འཐུས་ལག་ཁྱེར་ཞིང་ཆེན་རིམ་པའི་ཚྭ་ལས་གཙོ་འགན་སྒྲིག་གཞིས་ཚད་ལྡན་གྱི་ཆ་རྐྱེན་ལྟར་སྤྲོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།