འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་འཛད་སྤྱོད་པའི་ཁེ་དབང་བཙན་གནོད་ཀྱི་གྱོད་གཞི་ཁྲི་6.5ཞིབ་བཤེར་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་གོང་ཚེས་ཉིན་《2016ལོའི་རྒྱལ་ཡོངས་བཟོ་ཚོང་ཁོངས་གཏོགས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་སྐོར་གྱི་སྙན་ཞུ་》སྤེལ་བའི་ནང་། 2016ལོར་རྒྱལ་ཡོངས་ཀྱི་བཟོ་ཚོང་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྱོན་འཛད་སྤྱོད་པའི་ཁེ་དབང་བཙན་གནོད་ཀྱི་གྱོད་གཞི་ཁྲི་6.5ཞིབ་བཤེར་ཐག་གཅོད་བྱས་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་4.84ཟིན་པ་མངོན་ཡོད།
           དྲ་རྒྱའི་ཁྲོམ་ར་ཟང་ཟིང་གི་རྣམ་པ་ནི་འཛད་སྤྱོད་པས་ཐེར་འདོན་བྱེད་མང་ཙམ་གྱི་ཁྱབ་ཁོངས་ཤིག་རེད། བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་《2016ལོའི་དྲ་རྒྱའི་ཁྲོམ་རའི་ལྟ་འདོམས་ཀྱི་ཆེད་དོན་བྱ་སྤྱོད་ཇུས་གཞི་》པར་འགྲེམས་བྱས་ནས་ས་ཁུལ་ཁག་གིས་དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་གྱི་ལྟ་འདོམས་རྩ་དོན་གཞིར་བཟུང་བྱ་ཐབས་ནན་པོ་སྤྱད་དེ་དྲ་རྒྱའི་ཁྲོམ་ར་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བསྡོམས་རྩིས་ལ་གཞིགས་ན། ཆེད་དོན་བྱ་སྤྱོད་སྤེལ་རིང་ས་གནས་ཁག་གིས་དྲ་ཐོག་ནས་དྲ་ཚུགས་དང་དྲ་ཐོག་ཚོང་ཁང་ཁྲི་191.8ལ་ཞིབ་བཤེར་བྱས་པ་དང་ས་གནས་ས་ཐོག་ཏུ་དྲ་ཚུགས་དང་དྲ་ཐོག་ཚོང་ཁང་གཉེར་མཁན་ཁྲི་26.7ལ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་ཚོང་ཟོག་གི་ཆ་འཕྲིན་66918སུབ་པ་དང་། དྲ་ཚུགས་19455དག་ཐེར་བྱེད་དུ་བཅུག་པ། དྲ་ཚུགས་3183གཉེར་མཚམས་འཇོག་ཏུ་བཅུག་པ། ལས་སྟེགས་ཞབས་ཞུའི་དྲ་ཐོག་ཚོང་ཁང་23896གཉེར་མཚམས་འཇོག་ཏུ་བཅུག་པ། ཁྲིམས་འགལ་གྱོད་གཞི་13391ཞིབ་བཤེར་ཐག་གཅོད་བྱས་པའི་ཁྲོད་ནས་གྱོད་གཞི་198སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲད་པ་རེད།
          རྒྱལ་ཡོངས་བཟོ་ཚོང་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་ལས་དོན་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་བྱ་རྒྱུའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ཞིང་། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཁྱོན་ཁེ་ལས་ཁྲི་774.65ཡིས་ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་མ་ལག་བརྒྱུད་སྐབས་དོན་ཆ་འཕྲིན་ཁྲི་1751.52ཡོངས་བསྒྲགས་བྱས་པ་དང་། ཡོངས་བསྒྲགས་བྱེད་མཁན་ཁེ་ལས་ཀྱིས་ཁེ་ལས་བསྡོམས་འབོར་གྱི་29.84%བཟུང་བ་མ་ཟད་རྒྱལ་ཡོངས་ཀྱི་གཅིག་གྱུར་གཉེར་སྐྱོང་མིང་ཐོ་དང་ཅིག་མཚུངས་མེད་པའི་གྲངས་གཞིའི་མཛོད་ཀྱང་སྤྱོད་འགོ་ཚུགས་ཡོད། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གཉེར་སྐྱོང་གཅིག་མཚུངས་མེད་པའི་མིང་ཐོའི་ནང་བཅུག་པའི་ཁྲོམ་རའི་བྱེད་པོ་ཁྲི་511.70ཟིན་པ་དང་ཁྲོམ་རའི་བྱེད་པོ་ཁྲི་69.71གཉེར་སྐྱོང་གཅིག་མཚུངས་མེད་པའི་མིང་ཐོ་ནས་སུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།