འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ནས་ཐོན་ཏེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ།

    ཀྲའོ་ཁྲང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          དེ་གོང་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཡིག་གི་རྩོམ་པ་པོ་པེ་ཅིང་དུ་མཉམ་འཛོམས་བྱས་ཏེ་འཛམ་གླིང་གི་རྒྱ་ཡིག་རྩོམ་རིག་ཚོགས་ཆེན་སྐབས་གཉིས་པའི་ལས་སྟེགས་དང་བསྟུན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི་གོ་སྐབས་དམ་འཛིན་བྱས་ཡོད། “འཛམ་གླིང་ནི་དཔེ་དེབ་གཅིག་དང་མཚུངས། མི་ཞིག་སོ་སོའི་རྒྱལ་ཁབ་ཁོ་ནར་སྡོད་པའི་དབང་གིས་ཁོང་གིས་དཔེ་དེབ་དེའི་ཤོག་ལྷེ་དང་པོ་ལས་བལྟས་མེད”སྐད་ཆ་དུམ་བུ་དེ་ཀྲོའུ་ལི་ཡི་རང་རྣམ་བརྩམས་སྒྲུང་《མན་ཧ་ཏུན་དུ་ཡོད་པའི་ཀྲུང་གོའི་བུད་མེད་》ཅེས་པའི་ནང་འཁོད་ཡོད། ཀྲོའུ་ལི་ཡིས“འཛམ་གླིང་གི་དཔེ་དེབ་ལྟ་ཀློག”མཚམས་གཏན་ནས་འཇོག་མྱོང་མེད་པར་2012ལོ་ནས་བཟུང་ཁོ་མོས་ལྷོ་སྣེ་དང་བྱང་སྣེར་རྩད་འཚོལ་དུ་ཐེངས་4བསྐྱོད་དེ“འཛམ་གླིང་གི་མཐའ་སྣེ་ནས་ཀྲུང་གོའི་དར་རྒྱས་ལ་བལྟས་ཡོད་པ”རེད།
           རྩོམ་རིག་ནི་རྒྱལ་མཚམས་ལས་སྒྲོལ་ཆོག་པ་ཞིག་རེད། ཀྲུང་གོའི་རིག་གནས་ལ་ཤིན་ཏུ་དགའ་ཞེན་ཆེ་བའི་ཧྥ་རན་སེའི་རྩོམ་པ་པོ་ལེ་·ཁེ་ལའེ་ཆི་ཨའོ་ཡིས“ངས་ཧྥ་རན་སེའི་སྐད་ཡིག་ཏུ་བསྒྱུར་བའི་ལའོ་ཧྲེའི་བརྩམས་ཆོས་ལྟ་ཀློག་ཐུབ་ཀྱི་ཡོད། རྩོམ་པ་པོ་དེ་པེ་ཅིང་གི་སྲང་ལམ་དུ་བསྡད་དུས་ཀྱི་འཚོ་བ་ཀློག་སྐབས་དེའི་ནང་ནས་མིའི་རིགས་ཡོངས་ཀྱི་གཏོགས་ཁོངས་དབང་མེད་དུ་ཚོར་བྱུང”རྩོམ་རིག་གིས་འཛམ་གླིང་དང་རྒྱལ་ཁབ་ཁག་དབར་འབྲེལ་མཐུད་ཐུབ་པ་དེར་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད། རྩོམ་རིག་ལ་བརྟེན་ནས་ང་ཚོས་རྒྱལ་ཁབ་ནས་ཐོན་ཏེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་ཆོག
         ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི་ཐད། རྩོམ་རིག་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཡོད་ཚེ་ཕྱི་རྒྱལ་དུ་སྡོད་པའི་རྒྱ་ཡིག་གི་རྩོམ་པ་པོའི་ལེགས་ཆ་ལས་མངོན་ཐུབ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི་ཐད་ཁོང་ཚོར་ལེགས་ཆ་ཉུང་མཐར་ཡང་ཁག་གསུམ་ཡོད་པ་ནི། གཅིག རྒྱ་ཡིག་གིས་ཐོག་ནས་རྩོམ་ཡིག་འབྲི་ཤེས་ན་སྐད་ཆའི་རྣམ་པ་དང་མཚོན་སྟངས་ཀྱི་གོམས་སྲོལ་ཐད་བྱང་ཆུབ་ཁར་ཡུན་རིང་ཕྱི་རྒྱལ་དུ་འཚོ་བ་བསྐྱལ་བས“ཀྲུང་གོའི་གཏམ་རྒྱུད་ཀྱི་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་གནས་ཚུལ་བཤད་ཁྲིད་པ་ཞིག་ཡིན་པའི་ངོས་ནས་ཕན་ཚུན་མཁོ་སྒོ་བརྗེ་སྤྲོད་དང་དགེ་སྤེལ་སྐྱོན་སྤངས་བྱེད་ཐུབ” གཉིས། རྩོམ་རིག་ལ་རྒྱུས་མངའ་ཡོད་པ་དེས་དཔེ་མཚོན་ཁོར་ཡུག་འོག་གི་དཔེ་མཚན་མི་སྣའམ་ཡང་ན་གནས་ཚུལ་བརྒྱུད་ནས་གཏམ་རྒྱུད་ཀྱི་དངོས་ཡོད་རང་བཞིན་ཆེ་རུ་དང་དེ་བཞིན་ཞིབ་ཚགས་ཀྱི་རྣམ་པའི་ཐོག་ནས་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་ཐུབ། གསུམ། ལྷག་པར་དུ་ཕྱི་རྒྱལ་དུ་སྡོད་མཁན་ཀྲུང་གོ་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱ་ཡིག་གི་རྩོམ་པ་པོ་དེ་དག་གིས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་དང་རྒྱུས་མངའ་ཡོད་ཚད་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཡིག་གི་རྩོམ་པ་པོ་གཞན་དང་བསྡུར་ན་གཏིང་ཟབ་པ་དང་དེ་བས་ཆ་ཚང་བ་ཡོད་པར་བརྟེན་ཀྲུང་གོའི་གཏམ་རྒྱུད་གསོན་ཉམས་དོད་པ་དང་ངོ་མཚར་ཆེ་བའི་སྒོ་ནས་བརྗོད་ཐུབ།
         དཔུང་ཁག་འཛུགས་པའི་ཐད། ཨ་རིའི་《ཕྱིར་སྡོད་རང་མིའི་ཚགས་པར་》གྱི་རྩོམ་པ་པོའི་རོལ་རྩེད་པུའུ་དང་འདྲ་བར་བཙུགས་པའི་གླིང་ཆེན་ཨ་མེ་རི་ཁ་བྱང་མའི་རྒྱ་ཡིག་གི་རྩོམ་པ་པོ་མཐུན་ཚོགས་དང་ཐེ་ལན་གྱི་རྒྱ་ཡིག་གི་རྩོམ་པ་ པོ་མཐུན་ཚོགས་སོགས་ལ་མིག་དཔེ་ལྟ་ཆོག ཀྲུང་གོའི་རིག་གནས་ལ་དགའ་ཞེན་བྱེད་པ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ལ་རྒྱ་དང་། གཟི་བརྗིད། ཁེ་དབང་བཅས་ལ་གནོད་འཚེ་མི་གཏོང་བའི་ཁར་མི་རིགས་ཀྱི་བརྩེ་སེམས་ལ་གནོད་འཚེ་མི་གཏོང་བའི་རྩོམ་པ་པོའི་མཐུན་ཚོགས་ནི་རྒྱ་ཡིག་གི་རྩོམ་པ་པོ་ཚོའི་ཕྱི་རྒྱལ་དུ་ཡོད་པའི་ཁྱིམ་ཚང་ལྟ་བུ་རེད། ཁྱིམ་ཚང་ཡོད་ཚེ་ལམ་ལུགས་དང་གཏན་འབེབས་དང་། འཁོར་རྒྱ་དང་བྱེད་སྒོ། སྤེལ་རེས་དང་མཉམ་འགུལ། ཡིད་ཆེས་དང་བློ་སྟོབས་བཅས་ཡོད།
         ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཡིག་གི་རྩོམ་པ་པོ“གཞིས་ཆགས”ཡོང་བའི་མཐར་གཏུག་གི་དམིགས་ཡུལ་ནི“ལས་བརྩོན”ཡིན་པས་དེ་བས་མང་བའི་རྒྱ་ཡིག་གི་རྩོམ་པ་པོར་ཁྲིད་སྟོན་གྱིས་འཚོ་བར་མྱོང་རོལ་བྱས་ནས་གསར་རྩོམ་གང་ལེགས་བྱེད་ཀྱི་ཡོད། དེའི་ཐད་རྒྱལ་ནང་གི་འབྲེལ་ཡོད་རྩ་འཛུགས་ཀྱིས་ཕྱི་རྒྱལ་གྱི་རྩོམ་པ་པོ་མཐུན་ཚོགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གཞི་རྟེན་མང་ཙམ་བཏོད་ནས་རྒྱ་ཡིག་གི་རྩོམ་པ་པོ་ཚོའི་མིག་རྒྱང་དང་དོ་སྣང་བྱེད་ཤུགས་དེ་མི་འབོར་དུང་ཕྱུར་13ཟིན་པའི་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་དོན་དངོས་ལ་ཕྱོགས་དགོས།
         ཕྱི་རྒྱལ་དུ་སྡོད་པའི་རྒྱ་ཡིག་གི་རྩོམ་པ་པོ་ཚོར་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་དུ་འཇུག་རྒྱུའི་ཐད་ད་དུང་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་འབད་བརྩོན་བྱེད་དགོས། སྤེལ་རེས་ལམ་ལུགས་བཙུགས་པ་བརྒྱུད་ཕྱི་རྒྱལ་དུ་སྡོད་པའི་རྒྱ་ཡིག་གི་རྩོམ་པ་པོར་རྟོག་ཞིབ་ནང་ཧུར་ཐག་ཞུགས་ནས་ཀྲུང་གོའི་གཏམ་རྒྱུད་འཚོལ་བ་དང་གསོན་ཉམས་དོད་པའི་བརྗོད་བྱ་གསོག་འཇོག་དང་མི་སེམས་འགུལ་བའི་བརྗོད་གཞི་སྔོག་འདོན་བྱས་ནས་ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་རིན་ཐང་མངོན་པར་བྱེད་དགོས། དེ་དང་ཕྱོགས་མཚུངས་ད་དུང་སྤེལ་རེས་ལས་སྟེགས་འཐུས་སྒོ་ཚང་དུ་བཏང་ནས་རྩོམ་པ་པོ་ཚོས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི་ཆུ་ཚད་དང་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ན་ནིང་ཟླ་བ་དགུ་པར་ཐེ་ལན་དུ་གཉེར་བའི“སྐབས་བཅུ་གཅིག་པའི་འཛམ་གླིང་གི་རྒྱ་ཡིག་སྒྲུང་ཐུང་ཡིག་བརྒྱ་མའི་བགྲོ་གླེང་ཚོགས་འདུའི”ཐོག་རྒྱ་ཡིག་གི་རྩོམ་པ་པོར་ཁྲིད་སྟོན་བྱས་ཏེ་རྒྱ་ཡིག་རྩོམ་རིག་དང་སྨྱན་སྦྱོར་གསར་པའི་དུས་རབས་ཀྱི་སྦྲེལ་མཚམས་འཚོལ་ཞིབ་བྱས་པས་བློ་སྐྱེད་ཆེན་པོ་བྱུང་། ཕྱི་རྒྱལ་དུ་སྡོད་པའི་རྒྱ་ཡིག་གི་རྩོམ་པ་པོ་ཚོ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི་དཔུང་ཁག་ཁྲོད་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་རྩོམ་རིག་བརྒྱུད་འཛམ་གླིང་གིས་ཀྲུང་གོའི་སྐད་སྒྲ་ཉན་པ་དང་ཆབས་ཅིག་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོར་བསྔགས་བརྗོད་བྱེད་དུ་འཇུག་རྒྱུ་ནི་སྤྱོད་གོ་ཆོད་པའི་མཚོན་ཐབས་ཤིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།