འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཧྭ་གསར་འགྱུར་ཁང་ནས་དབང་ཆ་ཐོབ་པ་ལྟར་《སྲིད་གཞུང་གི་ལས་དོན་སྙན་
    སྒྲོན་》གྱི་ནང་དོན་ཆ་ཚང་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་18ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན། ཤིན་ཧྭ་གསར་འགྱུར་ཁང་ནས་དབང་ཆ་ཐོབ་པ་ལྟར་ཚེས་16ཉིན་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནང་བའི་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》གྱི་ནང་དོན་ཆ་ཚང་སྤེལ་བ་རེད། ཟླ་3ཚེས་15ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་སྙན་སྒྲོན་དེར་ཆོག་མཆན་གནང་བ་རེད།
         སྙན་སྒྲོན་ཆ་ཤས་གསུམ་ལ་དབྱེ་བ་སྟེ། གཅིག་ནི་2016ལོའི་ལས་དོན་ལ་ཕྱིར་མིག་བལྟ་བ་དང་། གཉིས་ནི་2017ལོའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག གསུམ་ནི་2017ལོའི་གཙོ་གནད་ལས་དོན་དང་ལས་འགན་བཅས་ཡིན།
         སྙན་སྒྲོན་ནང་བསྟན་དོན། 2017ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.5%ཙམ་འཕར་བ་བྱས་ཏེ་ལས་དོན་དངོས་ནང་ཕན་འབྲས་དེ་བས་ལེགས་པ་ཐོབ་པའི་བརྩོན་ལེན་བྱེད་པ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་3%ཙམ་འཕར་བ་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་1100ཡན་གསར་འཕར་ཡོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་བཀོད་བྱེད་ཚད་4.5%ནང་ཚོད་འཛིན་ཐུབ་པ། ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྟན་འགྱུར་ལེགས་འགྱུར་དང་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ། གྲོང་མིའི་ཡོང་འབབ་དང་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆ་ནས་གཅིག་མཐུན་ཡོང་བ། ཚན་པའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཟད་གྲོན་3.4%ཡན་ཆག་དགོས་པ་དང་སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་བྱེད་ཚད་མུ་མཐུད་ཆག་དགོས་པ་བཅས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།