འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལེ་པ་ནོན་དུ“རྒྱུད་གཅིག་ལམ་གཅིག”གི་ཚོགས་འདུ་འཚོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་ལེ་པ་ནོན་གྱི་ཙུང་ལིའི་ལས་ཤག་གི་གསར་འགྱུར་གཞུང་ལས་ཁང་ནས་གསལ་བསྒྲགས་སྤེལ་ཏེ་ལེ་པ་ནོན་གྱི་ཙུང་ལི་ས་ཨ་ཏི·ཧ་ལི་ལིས་དེ་ཉིན་ལེ་པ་ནོན་གྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཀྲུའུ་ཞི་ཧྥ་ལན་ས་དངུལ་ཁང་གི་ཏུང་ཧྲི་ཀྲང་ཨ་ཏེ་ནན·ཁཱ་ས་དང་ཐུག་འཕྲད་བྱས་པ་དང་འབྲེལ་ཁཱ་སས་བརྗོད་པའི་དར་གོས་ལམ་བུའི་རྒྱལ་སྤྱིའི་སྤྱི་ཁྱབ་ཚོང་ཚོགས་ཀྱི་འཐུས་མི་ཚོགས་པ་ཟླ་རྗེས་མའི་ཚེས་6དང་7ཉིན་ལེ་པ་ནོན་ལ་འཚམས་འདྲི་བྱ་རྒྱུའི་དོན་གནད་སྐོར་གྱི་གྲ་སྒྲིག་གནས་ཚུལ་ཉན་པ་རེད།
         གསལ་བསྒྲགས་ནང་མཇལ་འཕྲད་མཇུག་འགྲིལ་རྗེས་ཁཱ་སས་ངས་ཧ་ལི་ལི་ད་ཐེངས་ཀྱི“རྒྱུད་གཅིག་ལམ་གཅིག”གི་ཚོགས་འདུར་ཞུགས་རྒྱུར་གདན་ཞུ་བྱས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་རྒྱུ་རེད། སྔོན་དཔག་བྱས་ན་ཚོགས་འདུའི་རིང་གྲོས་དོན་མང་པོར་མིང་རྟགས་འགོད་རྒྱུ་རེད་ཅེས་བཤད་པ་རེད། ཁཱ་སས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྒྲོམ་གཞིའི་འོག་ལེ་པ་ནོན་ལ་ཕན་པ་ཆེན་པོ་ཐོབ་རྒྱུ་ཡིན་པ་དང་ལྷག་དོན་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ལ་ཕན་པ་ཆེན་པོ་ཐོབ་རྒྱུ་རེད་ཅེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།