འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་དང་ཨུ་ཡོན་ཚོས་བཟོ་སྐྲུན་ཆེ་མོ་བ་གསོ་སྐྱོང་གི་སྤུས་ཚད་ལེགས་སུ་གཏོང་དགོས་པའི་
    གྲོས་འགོ་བཏོན་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་16ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནང་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོས་མིག་སྔའི་བཟོ་སྐྲུན་སློབ་གསོའི་ཐད་གནས་པའི་གནད་དོན་དངོས་ལ་གཞིགས་ན། མཐོ་སློབ་ཀྱི་བཟོ་ལས་ཚན་ཁག་དགེ་རྒན་གྱི་གྲུབ་ཆ་ལེགས་སུ་དང་སློབ་གྲྭ་དང་ཁེ་ལས་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་བཟོ་སྐྲུན་ཆེ་མོ་བ་གསོ་སྐྱོང་གི་སྤུས་ཚད་ལེགས་སུ་ནུས་ལྡན་བཏང་ནས་རང་རྒྱལ་གྱི་བཟོ་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་དགོས་གལ་དང་དེ་བས་ལེགས་པར་འཚམ་པ་བྱེད་དགོས་ཞེས་གསུངས་པ་རེད།
           “《གསར་གཏོད་རྣམ་པའི་རྒྱལ་ཁབ་ལ་ཕྱོགས་པའི་བཟོ་སྐྲུན་སློབ་གསོ་སྒྱུར་བཅོས་ཞིབ་འཇུག》ཅེས་པའི་ཞིབ་འཇུག་བྱ་གཞི་ཚོགས་ཆུང་གིས་ཀྲུང་གོ་བཟོ་སྐྲུན་སློབ་གླིང་གི་ཡོན་ཧྲི་དང་མཐོ་སློབ་དགེ་རྒན་དང་དེ་བཞིན་ཁེ་ལས་ཀྱི་བཟོ་སྐྲུན་ལག་རྩལ་མི་སྣར་བརྟག་དཔྱད་ཆེན་པོ་ཞིག་བྱས་པ་ལས་མངོན་པར། བརྟག་དཔྱད་བྱ་ཡུལ་90%ཡིས་བཟོ་སྐྲུན་སློབ་གསོའི་སྤུས་ཚད་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་བཟོ་སྐྲུན་ལག་ལེན་གྱི་ཉམས་མྱོང་ལྡན་པའི་དགེ་རྒན་དཔུང་ཁག་ཁ་ཐང་བའི་ངོས་འཛིན་གྱི་ཡོད”རང་རྒྱལ་གྱི་བཟོ་ལས་ཚན་ཁག་གི་དགེ་རྒན་དཔུང་ཁག“བཟོ་ལས་ཅན་མིན་པར”འགྱུར་རྒྱུ་ཉིན་རེ་བཞིན་ཚབས་ཆེ་རུ་འགྲོ་བཞིན་ཡོད་པའི་ཁར་བཟོ་སྐྲུན་འཆར་འགོད་དང་ལག་ལེན་སློབ་གསོ་ཆེས་མི་འདང་བས་གནས་ཚུལ་དེ་རིགས་འགྱུར་ལྡོག་གཏོང་དགོས་ཀྱི་ཡོད་ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྭ་ཏུང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཡོན་ཧྲི་ཆན་ཧྥེང་གིས་གསུངས།
           ཆན་ཧྥེང་གིས་སྲིད་གཞུང་ནས་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་བཟོ་ལས་ཚན་ཁག་དགེ་རྒན་ལས་གནས་ཐོག་ཞུགས་རྒྱུའི་ཆ་རྐྱེན་ཁ་གསལ་དུ་གཏོང་དགོས་པ་དང་། ལྷག་དོན་དུ་བཟོ་ལས་ཚན་ཁག་དགེ་རྒན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་སྒྱུར་བཅོས་བཏང་སྟེ་གོ་མིང་སྤོར་བ་དང་དཔྱད་ཞིབ་གདེང་འཇོག་མ་ལག་ཁྲོད་མཐོ་སློབ་ཀྱིས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་ཁག་དབྱེ་ནས་གདེང་འཇོག་བྱེད་དགོས། བཟོ་ལས་ཚན་ཁག་དགེ་རྒན་ལ་དཔྱད་རྩོམ་ཁོ་ནར་གཞིགས་ནས་མཐོ་དམན་མ་དབྱེ་བར་བཟོ་ལས་ཚན་ཁག་དགེ་རྒན་གྱི་ཚན་རྩལ་གསར་གཏོད་དང་ཁེ་བེད་བདག་ཐོབ་གྲུབ་འབྲས་ཀྱིས་ལག་རྩལ་ཕྱོགས་སྒྱུར་ཁྲོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད་མེད་ལ་དེ་བས་སྣང་ཆེན་བྱེད་དགོས་ཞེས་གྲོས་འགོ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།