འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཚོགས་པའི་སྒོ་དབྱེའི་ཉིན་མོར་གནད་སྨིན་དབུལ་སྒྲོལ་དེ་བས་ཚགས་ཚུད་ཡོང་བར་
    སྐུལ་མ་གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་16ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་འཐབ་ཇུས་དགོངས་པའི་ཁྲིད་སྟོན་འོག་ཀན་སུའུ་ཞིང་ཆེན་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པའི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་ཡོད་པས། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་ཡིན”ཞེས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་འཐུས་མི་ཝང་སན་ཡུན་གྱིས་དེ་ལྟར་གསུངས་པ་རེད།
          ཚོགས་ཆེན་བཅོ་བརྒྱད་པ་མ་འཚོགས་གོང་ཀན་སུའུ་རུ་རྫོང་དབུལ་པོ་ཁྱོན་58དང་གྲོང་ཚོ་དབུལ་པོ་8790ཡོད། ཉེ་བའི་ལོ་ཤས་རིང་ཀན་སུའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་དེ“འདུ་འགོད་ཨང་དང་པོར”བརྩིས་ནས་དམ་འཛིན་བྱས་ཏེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ལས་ཁུངས་ཀྱི་ལས་བྱེད་པ་ཁྲི་40ལྷག་ཙམ་སྒྲིག་འཛུགས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནང་ཞུགས་པས་མི་འབོར་དབུལ་པོ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་། 2011ལོའི་མི་ཁྲི་842ནས་2016ལོའི་ལོ་མཇུག་གི་མི་ཁྲི་227བར་ཉུང་དུ་ཕྱིན་ཡོད་པས་དབུལ་པོར་འགྱུར་ཚད་དེ་40.5%ནས་10.9%བར་ཆག་ཡོད།
           ཝང་སན་ཡུན་གྱིས་ཀན་སུའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཡོད། འདས་པའི་ལོ་ལྔའི་ནང་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་སྤྱི་ལེ་ཁྲི་6ཙམ་ཤར་གཏོང་ཐུབ་པ་དང་། 2017ལོའི་ལོ་མཇུག་བར་སྒྲིག་གཞི་ཚང་བའི་གྲོང་ཚོར་སྣུམ་ནག་(ཨར་འདམ)ལམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་རྒྱུ་དང་། གྲོང་ཚོར་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་2900ལྷག་ཙམ་བསྐྲུན་རྒྱུ། གྲོང་ཚོ་དབུལ་པོར་བུ་བཅོལ་ཁང་3400ལྷག་ཙམ་གསར་དུ་འཛུགས་རྒྱུ་ཡིན་ཞེས་གསུངས་པ་རེད།
          “གོམ་སྟབས་རྗེས་མར། ང་ཚོས་མེ་ཏོག་འཚེམ་དྲུབ་རྒྱག་པ་བཞིན་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་སྐུལ་མ་ཏན་ཏིག་བཏང་ནས་དེ་བས་ཚགས་ཚུད་པ་དང་གནད་སྨིན་ཡོང་ཆེད་དོན་དངོས་ནས་འགོ་བཙུགས་ཏེ་2020ལོར་སླེབས་སྐབས་དུས་བཀག་བཞིན་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཝང་སན་ཡུན་གྱིས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།