འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་སུ་སྨྱན་སྦྱོར་ལས་ཁུངས་ཀྱིས་སྒྲིག་ཆས་གསར་པ་སྣ་མང་བཀོལ་
    ནས་གནས་འཕྲིན་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

    མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཀྲུང་དབྱང་ཐབ་ཚང་གི་ཚོམས་ཁང་ཆེ་མོ།
    མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཀྲུང་དབྱང་ཐབ་ཚང་གི་ཚོམས་ཁང་ཆེ་མོ།
          མི་དམངས་དྲ་བའི་འཕྲིན། ད་ལོའི་ཚོགས་ཆེན་གཉིས་གི་རིང་ལ་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་ཕྱོགས་ཡོངས་ནས་ཀྲུང་དབྱང་ཐབ་ཚང་གི་རྐྱེན་སྲོལ་ལག་ལེན་བསྟར་འགོ་ཚུགས་ཏེ་ལག་རྩལ་གསར་པ་དང་། སྒྲིག་ཆས་གསར་པ། ལས་སྟེགས་གསར་པ་བཅས་བཀོལ་སྤྱོད་ཁྱབ་ཆེན་བྱས་ཤིང་། ཚགས་པར་ཁང་དང་། དྲ་བ། སྦྲེལ་སྣེ། འཕྲིན་ཕྲན་བཅས་ཀྱིས་མཉམ་དུ་ནུས་ཤུགས་བཏོན་ཏེ་རིམ་ངོས་མང་པོ་དང་། ལྟ་ཕྱོགས་མང་པོ། རྣམ་པ་མང་པོ་བཅས་ཀྱི་ཐོག་ནས་གསར་འགྱུར་འགྲེམས་བསྒྲགས་བྱས་པ་རེད། ཚོགས་ཆེན་གཉིས་ཀྱི་གནས་འཕྲིན་སྤེལ་བར་ཞུགས་པའི་གསར་འགོད་པ་རྣམས་ཀྱིས་སྨྱུ་གུ་བཟུང་ན་གནས་འཕྲིན་འབྲི་ཐུབ་པ་དང་། བཤད་སྦུག་བཟུང་ན་ཁ་བདེ་བ། བརྙན་མིག་ལ་གཏད་ན་བཤད་མཁས་པ་བཅས་ཀྱི་སྒོ་ནས་གསར་འགོད་པའི་ཆེད་ལས་བྱང་ཚད་བཟང་པོ་མངོན་པ་དང་། ཚགས་པར་ཁང་གི་འཕེལ་རྒྱས་བྱ་གཞག་དང་མཉམ་འདྲེས་བྱས་འབྲས་མཚོན་ཡོད་སྟབས། འཐུས་མི་དང་ཨུ་ཡོན། ཀློག་པ་པོ། གཟིགས་མོ་བ། སྨྱན་སྦྱོར་ལས་གྲོགས་སོགས་ཀྱི་གཟེངས་བསྟོད་ཐོབ་པ་རེད།
    མི་དམངས་ཉིན་རེའི་ཚགས་པར་ཁང་གི་མཁོ་མཁན་ཕྱོགས་ཀྱི་གསར་འགོད་པས་བཀོལ་སྤྱོད་བྱེད་པའི་VRཔར་ཆས།

    ཕྱོགས་བསྡུས་གསར་འགྱུར།