འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་དང་ཨུ་ཡོན་ཚོའི་ཉམས་འགྱུར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ༄༅།།འཐུས་མི་དང་ཨུ་ཡོན་ཚོའི་ཉམས་འགྱུར།
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་རྒྱལ་ཡོངས་མི་དམས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་རྣམས་ཀྱིས་སྙིང་སྟོབས་རྒྱས་པའི་ངང་གྲོས་ཞིབ་ནན་ཏན་དང་གྲོས་བསྡུར་ཧུར་ཐག་བྱས་ནས་ཁྲིམས་ལྟར་རང་འབབ་འགན་འཁྲི་སྒྲུབ་བཞིན་ཡོད་པ་རེད། གོང་གི་པར་རིས་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གོང་གི་པར་རིས་ནི་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་སེ་ར་དགོན་པ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཕུར་བུ་ཚེ་རིང་གིས་ཉེ་བའི་ལོ་འགའི་རིང་ལ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བས། བོད་ལྗོངས་ཀྱི་དགེ་འདུན་པ་རྣམས་རྒྱ་ཆེའི་དམངས་ཚོགས་དང་འདྲ་བར་འཚོ་བར་ལེགས་འགྱུར་ཧ་ཅང་ཆེན་པོ་བྱུང་ཡོད། མིག་སྔར་བོད་ལྗོངས་ཀྱི་དགེ་འདུན་པ་རྣམས་ལ་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བའི་འགན་སྲུང་བཅས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཡོད་པ་དང་། ད་ལྟ་དགོན་པ་རེ་རེ་ཚང་མར་ཆུ་དང་། གློག ལམ། དཔེ་ཁང་སོགས་ཡོད་ལ། སེ་ར་དགོན་པས་ཀྱང་རྒན་གསོ་ཁང་བཙུགས་ཡོད་ཅེས་བསྟན་པ་རེད།
    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་ཤང་གི་འགོ་འཛིན་བཀྲ་ཤིས་དབྱངས་ཅན་གྱིས་སྔོན་ཆད་ནང་ལྟར་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེ་གཏོང་དགོས་པའི་གྲོས་འགོ་བཏོན་བཞིན་ཡོད་པ་རེད།

     བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཚོགས་འདུའི་བར་གསེང་ལ་ལག་ཐོགས་ཁ་པར་རྩ་གཉིས་རྟགས་རིས་བརྒྱུད་ནས་ཚོགས་ཆེན་གྱི་འབྲེལ་ཡོད་ཆ་འཕྲིན་ལྟ་ཀློག་བྱེད་བཞིན་པ།
     བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཚོགས་འདུའི་བར་གསེང་ལ་ལག་ཐོགས་ཁ་པར་རྩ་གཉིས་རྟགས་རིས་བརྒྱུད་ནས་ཚོགས་ཆེན་གྱི་འབྲེལ་ཡོད་ཆ་འཕྲིན་ལྟ་ཀློག་བྱེད་བཞིན་པ།
      
    ཕྱོགས་བསྡུས་གསར་འགྱུར།