འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཧོ་ཧའོ་
    ཡིས་རྩ་འཛུགས་ཀྱི་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གནས་འཕྲིན་སྤེལ་བར་གཞིགས་ན། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཧོ་ཧའོ་ལ་སྒྲིག་ཁྲིམས་དང་ཚབས་ཆེན་འགལ་བའི་དོགས་གཞི་ཡོད་པས། མིག་སྔར་རྩ་འཛུགས་ཀྱི་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་པ་རེད།
         ཧོ་ཧའོ་ཡི་ལོ་རྒྱུས་མདོར་བསྡུས།
     ཧོ་ཧའོ། སྐྱེས་པ། རྒྱ་རིགས། 1969ལོའི་ཟླ་བ་3པར་སྐྱེས། སི་ཁྲོན་ཞིང་ཆེན་ཀོང་ཨན་ནས་ཡིན་ཞིང་། ལྷོ་ནུབ་ནོར་དཔལ་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་ནས་ཐོན་པ་དང་། ལས་ཐོག་འབུམ་རམས་པ་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ཡོད་པ་རེད། 1990ལོའི་ཟླ་བ་7པར་ལས་ཞུགས་བྱས་ཤིང་། 1987ལོའི་ཟླ་བ་11པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་རེད།
        1990ལོའི་ཟླ་བ་7པ་ནས་2000ལོའི་ཟླ་བ་9པའི་བར། སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་སློབ་གསོ་ཨུ་ལྷན་མི་དོན་ཁྲུའུ་ཡི་ཁོའོ་ཡོན་དང་། ཟླ་ཕོགས་ཕན་གཉེར་ཁོའོ་ཡི་ཁོའོ་ཀྲང་གཞོན་པ། དྲུང་ཡིག་ཁོའོ་ཡི་ཁོའོ་ཀྲང་བཅས་ཀྱི་འགན་ཁུར་བ།
         2000ལོའི་ཟླ་བ་9པ་ནས་2012ལོའི་ཟླ་བ་4པའི་བར་། སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་ནོར་དོན་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་། སློབ་སྐྱོར་དངུལ་བུན་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་། གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་ཁུར་བ། 
         2012ལོའི་ཟླ་བ་4པ་ནས་ད་ལྟའི་བར། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པའི་འགན་ཁུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།