འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་
    གྲོས་གཞི་514དང་འཐུས་མིའི་གྲོས་འགོ་8360འབྱོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་14ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་
གྲོས་གཞི་514དང་འཐུས་མིའི་གྲོས་འགོ་8360འབྱོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་དྲུང་ཡིག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཚོགས་ཆེན་འཚོགས་རིང་འཐུས་མི་ཚོགས་པ་དང་འཐུས་མིས་མཉམ་འབྲེལ་བྱས་ནས་བཏོན་པའི་གྲོས་གཞི་ཁྱོན་བསྡོམས་514འབྱོར་ཞིང་། དེའི་ཁྲོད་དུ་ཁྲིམས་འཛུགས་ཐད་ཀྱི་གྲོས་གཞི་492དང་། ལྟ་སྐུལ་ཐད་ཀྱི་གྲོས་གཞི་16 འགྲོས་ཐག་གཅོད་དོན་དང་འབྲེལ་བའི་གྲོས་གཞི་6བཅས་ཡོད་པ་རེད། གྲོས་བསྡུར་ནན་ཏན་གནང་ཞིང་གྲོས་གཞི་བཏོན་པ་དང་དུས་མཚུངས་སུ་འཐུས་མི་རྣམས་ཀྱིས་ད་དུང་བསྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་གྲོས་འགོ་བཏོན་པ་རེད། ཚོགས་ཆེན་འཚོགས་རིང་ཚོགས་ཆེན་གྱི་དྲུང་ཡིག་ཁང་གི་གྲོས་གཞི་ཚོགས་ཆུང་གིས་ཁྱོན་བསྡོམས་འཐུས་མིའི་གྲོས་འགོ་8360འབྱོར་ཡོད་ཅིང་། མིག་སྔར་འཐུས་མིའི་གྲོས་འགོ་རེ་རེ་བཞིན་སྒྲུབ་འགན་འཁུར་བའི་ལས་ཁུངས་དང་སྡེ་ཁག་ལ་མཐུན་སྦྱོར་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད། གོང་གི་པར་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་དྲུང་ཡིག་ཁང་གི་ལས་སྒྲུབ་མི་སྣས་ལས་སྒྲུབ་ནན་ཏན་གནང་བཞིན་ཡོད་པ། 
    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་
གྲོས་གཞི་514དང་འཐུས་མིའི་གྲོས་འགོ་8360འབྱོར་བ།
    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་
གྲོས་གཞི་514དང་འཐུས་མིའི་གྲོས་འགོ་8360འབྱོར་བ།
      

    ཕྱོགས་བསྡུས་གསར་འགྱུར།