འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་གྲོས་གཞི་
    4156ཞིབ་བཤེར་གྱོད་ཐོ་བཀོད་པ་རེད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་14ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་གསར་འགོད་པས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཟླ་3ཚེས་7ཉིན་གྱི་ཕྱི་དྲོ་ཆུ་ཚོད་5ཡི་བར་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་ཁྱོན་བསྡོམས་གྲོས་གཞི་5210འབྱོར་བ་དང་། གྲོས་གཞི་4156ཞིབ་བཤེར་གྱོད་ཐོ་བཀོད་པ་རེད།
         གྱོད་ཐོ་བཀོད་པའི་གྲོས་གཞིའི་ནང་དུ་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་ཡིས་34.72%དང་། ཆབ་སྲིད་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་ཡིས་11.67%  རིག་གནས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་ཡིས་7.99%  སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་ཡིས་35.49%  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་ཡིས་10.13%བཅས་བཟུང་ཡོད་པ་རེད། 
         ངོ་སྤྲོད་བྱས་པར་གཞིགས་ན། ཨུ་ཡོན་ཚོའི་གྲོས་གཞི་འདོན་པའི་ཐོག་ནས་ཐབས་འདོན་ཇུས་འབུལ་གནང་བའི་ཧུར་སེམས་ཆེ་བ་སྟེ། ཁྱོན་བསྡོམས་ཨུ་ཡོན་1945ཡིས་གྲོས་གཞི་བཏོན་ཡོད་ཅིང་། དེ་ནི་ཨུ་ཡོན་བསྡོམས་འབོར་གྱི་88.41%ཟིན་ཡོད་པ་རེད། སྤྱིའི་ཆ་ནས་བལྟས་ན། གྱོད་གཞི་གྲངས་འབོར་ཅུང་ཉུང་དུ་སོང་ཡོད་ཀྱང་སྤུས་ཚད་མཐོ་རུ་ཕྱིན་ཡོད་པ་སྟེ། བརྗོད་གཞི་འདེམས་སྒྲུག་གནད་དུ་འཁེལ་བ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་པ། གནས་ཚུལ་ཁ་གསལ་བ། དབྱེ་ཞིབ་ཞིབ་ཅིང་གསལ་བ། གྲོས་འགོ་དངོས་འདོན་པ་བཅས་ཀྱི་གྲོས་གཞི་མངོན་གསལ་མང་དུ་ཕྱིན་ཡོད་པ་དང་། ལྟ་སྐུལ་རང་བཞིན་ལྡན་པའི་གྲོས་གཞི་ཁག་ཅིག་འབུལ་སྤྲོད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།