འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ།

    —— རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་བྱེད་འཕྲུལ་འཁོར”དང“གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་མཁན་གཙོ་བོ”ཞེས་པ་ལ་སོགས་ནི་ཀྲུང་གོའི་དཔལ་འབྱོར་སྐོར་གླེང་སྐབས་ཕྱི་རྒྱལ་གྱི་སྨྱན་སྦྱོར་དང་ལྟ་ཞིབ་མི་སྣས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་རེད།
          2016ལོར་ཕྱིར་མིག་བལྟས་ཚེ་ཀྲུང་གོའི་དཔལ་འབྱོར་ལོ་འཁོར་མོར་6.7%འཕར་བ་དང་2017ལོར་རྒྱང་བལྟ་བྱས་ཚེ་ཀྲུང་གོ་སྲིད་གཞུང་གིས་འདི་ལོའི་དཔལ་འབྱོར་འཕར་བའི་སྔོན་དཔག་དམིགས་ཚད་6.5%ཙམ་དུ་གཏན་འཁེལ་བྱས་ཡོད། རྒྱལ་སྤྱིའི་ལྟ་ཞིབ་མི་སྣས་ཀྲུང་གོའི་དཔལ་འབྱོར་འཕར་ཚད་དེ་ལུགས་མཐུན་གྱི་འཁོར་རྒྱུག་མཚམས་སུ་རྒྱུན་འཁྱོངས་བྱས་པ་ལས་ཀྲུང་གོའི་དཔལ་འབྱོར་ལ་བརྟན་ཐོག་ཡར་འཕེལ་གྱི་འཕེལ་རྒྱས་རྣམ་པ་མཚོན་པ་དང་། ཀྲུང་གོ་སྲིད་གཞུང་གིས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་རྟགས་མཚན་བསྟན་པ། ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་ལ་མུ་མཐུད་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་ཡིན་པ་བཅས་མཚོན་པའི་ངོས་འཛིན་ཡོངས་ཁྱབ་ངང་བྱས་ཡོད།
          འདས་ཟིན་པའི་ལོ་གཅིག་ནང་རྒྱལ་ནང་གི་འགལ་ཟླ་མང་པོ་རྩེག་སྣོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཀྱི་འགྲན་སློང་དྲག་པོ་འཕྲད་མོད། ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་བྱེད་པར་སྔར་བཞིན་བརྟན་པོའི་ཁྲོད་བརྟན་དུ་འགྲོ་བ་དང་བརྟན་པོའི་ཁྲོད་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད།
         ཨུ་རུ་སུའི་གྲགས་ཅན་གྱི་ཇུས་འདོན་ཚོགས་པ“ཝར་ཏེ”སྤྲོ་སྐྱིད་ཁང་གི་ཞིབ་འཇུག་འཆར་འགོད་ཀྲུའུ་རེན་ཡ་ལུའོ་སི་ལ་ཕུའུ·ལི་སུའོ་ཨོ་ལི་ཁེས་དཔལ་འབྱོར་འཕར་ཚད་མགྱོགས་མྱུར་ཆགས་པ་ལས་གྲུབ་འབྲས་ཐོབ་པའི་ངང་གཡོལ་ཐུབ་པ་དེ་ན་ནིང་ཀྲུང་གོའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་གྲུབ་འབྲས་གལ་ཆེན་གྱི་གྲས་ཤིག་རེད། ཀྲུང་གོས་དངུལ་ལོར་དང་ནོར་སྲིད་སྲིད་ཇུས་ཀྱི་ལག་ཆ་བཀོལ་སྤྱོད་ཡག་པོ་བྱས་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་བརྒྱུད་ནུབ་བྱང་རྒྱུད་སོགས་ནང་སའི་ས་ཁུལ་གསར་སྤེལ་ཧུར་ཐག་བྱས་པས་བྱེད་ཐབས་དེ་དག་གིས་དཔལ་འབྱོར་འཕར་ཚད་མགྱོགས་མྱུར་ཆག་པ་གྲུབ་འབྲས་ཐོབ་པའི་ངང་བཀག་འགོག་ཐུབ་པ་མ་ཟད་འབྱུང་འགྱུར་ལོ་ཤས་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་གཙོ་བོར་འགྱུར་རྒྱུ་རེད་ཅེས་བཤད།
         ཨོ་སི་ཁྲུ་ལི་ཡའི་ཤིས་ཉིའི་ཚན་རྩལ་སློབ་ཆེན་ཨོ་ཀྲུང་འབྲེལ་བའི་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཀྲན་མུའུ་སི·ལའོ་ལུན་སི་སེན་གྱིས་ཀྲུང་གོས་མུ་མཐུད་གྲུབ་ཆ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་འཛམ་གླིང་ཡོངས་ཀྱིས་དོ་ཁུར་ཆེན་པོ་བྱེད་དོན་ནི་ཀྲུང་གོས་རང་ངོས་ནས་འཕར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་མ་ཟད་ད་དུང་འཛམ་གླིང་གི་དཔལ་འབྱོར་ལ་མུ་མཐུད་ལེགས་སྐྱེས་ཆེན་པོ་འབུལ་དགོས་པས་རེད་ཅེས་བཤད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་5ཉིན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་འདི་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་6.5%ཙམ་འཕར་རྒྱུ་དེ་རེད་ཅེས་གསུངས། དེའི་ཐད་སེང་ཀ་ཕོར་གྱི་《མཉམ་འབྲེལ་ཞོགས་པའི་ཚགས་པར་》ཐོག་གནས་ཚུལ་སྤེལ་ནས་ཀྲུང་གོ་སྲིད་གཞུང་གིས་2017ལོར་དེ་བས་དངོས་སྒྲུབ་དང་ལྷུག་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་བཟོས་པ་དེ་ཐོག་ནས་བརྟན་པོ་ཡོང་རྒྱུ་དོན་གཉེར་བྱེད་པ་མཚོན་པ་དེས་སྤྱི་ཡོངས་བརྟན་པོ་ཡོང་བའི་འགན་ལེན་ཐུབ་ནས་དཔལ་འབྱོར་སྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད་ཕན་ཡོད་ཀྱི་ཆ་རྐྱེན་བསྐྲུན་ཡོད་ཅེས་བཤད་པ་རེད།
         ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་རིག་པ་མཁས་ཅན་ཕེར་མན་ཀྲ་ཡིས་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་དང་ཀྲུང་གོའི་དཔལ་འབྱོར་དབར་འབྲེལ་བ་ཆེན་པོ་ཡོད་པ་དང་ཀྲུང་གོ་འདི་ཉིད་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་འཕར་བའི་སྐུལ་འདེད་ནུས་ཤུགས་སུ་གྱུར་ཡོད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་འགོར་བ་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་མང་བའི་གནས་ཚུལ་འོག་ཧིན་རྡུ་ཉི་ཞི་ཡས་གོ་སྐབས་དམ་འཛིན་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་དང་རང་འགུལ་ངང་བསྟུན་ནས་ཀྲུང་གོ་དང་མཉམ་ལས་ཤུགས་ཆེན་བྱས་པ་བརྒྱུད་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
         ཐུར་ཁེའི་འཕྲོད་བསྟེན་པུའུ་ཀྲང་ཟུར་པ་ཐུར་ཁེ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཧ་ལི་ལེ·ཤིས་ཕུའུ་ཅིན་གྱིས་འཛམ་གླིང་ཡོངས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་དོ་སྣང་བྱེད་པ་དང་ཐུར་ཁེས་ཀྲུང་གོ་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། འདི་ལོའི་ཟླ་5པར་པེ་ཅིང་དུ་གཉེར་རྒྱུའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བར་གོ་སྐབས་བཟང་པོ་མཁོ་འདོན་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།