འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་གྲོས་
    ཚོགས་ཐེངས་གཉིས་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་9ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཨུ་ཡོན་14ཡིས་དཔལ་འབྱོར་འཛུགས་སྐྲུན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཕེབས་པ་རེད།
         དེ་རིང་གི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཏུའུ་ཆིང་ལིན་དང་། ལོའོ་ཧྥུའུ་ཧོ། ལི་ཧའེ་ཧྥུང་། ཀྲོའུ་ཞའོ་ཁྲོན། མཱ་པེའོ། ལིའུ་ཞའོ་ཧྥུང་བཅས་ཡིན་པ་དང་། ལིའུ་ཞའོ་ཧྥུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཚོགས་ཆེན་གཏམ་བཤད་བསྡོམས་ཐེངས་གསུམ་བཀོད་སྒྲིག་བྱས་ཡོད་པ་ལས་ཚེས་9ཉིན་ནི་ཚོགས་ཆེན་གྱི་གཏམ་བཤད་སྤེལ་ཐེངས་དང་པོ་དེ་ཡིན་པ་རེད།
         ཨུ་ཡོན་ཁྲེ་ཧྥུ་ལིན་གྱིས། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་གཙོ་གནད་དུ་བཟུང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་འཕར་བའི་མི་མངོན་པའི་ནུས་པ་འདོན་རྒྱུ་དང་། དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་གྱི་འཕེལ་རིམ། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་ཕན་འབྲས་བཅས་གཏན་འཁེལ་བྱེད་པར་སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་དམ་འཛིན་ཡག་པོ་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་ཐོད་བརྒལ་ཡོང་བ་བྱེད་དགོས་ཞེས་གསུངས།
    ཨུ་ཡོན་ཀྲེན་ཧུའེ་ཆང་གིས་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་དོན། མིག་སྔར་རང་རྒྱལ་དེ་ཉིད་མ་ལག་ཧྲིལ་པོ་བཟོ་སྐྲུན་བྱེད་ནུས་ལྡན་པའི་བཟོ་སྐྲུན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་ཆགས་པར་ལམ་ཐག་རིང་ལ་ལས་འགན་ལྕི་བས། གྲུབ་ཆའི་རང་བཞིན་དང་། སྤྲོད་མཁོའི་འབྲེལ་བ། མཁོ་སྤྲོད་ཕན་འབྲས་སོགས་དོ་སྙོམས་མེད་པའི་གནད་དོན་འཕྲལ་ཏུ་ཐག་གཅོད་བྱེད་དགོས།
         རང་རྒྱལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་མཐུན་སྦྱོར་བྱས་ནས། རྒྱལ་ཁབ་རང་བྱུང་སྲུང་སྐྱོང་མ་ལག་གི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། དངོས་ཐོག་བདེན་འཚོལ་གྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་བར་ཁྱམས་བཀོད་པ་ལེགས་སྒྲིག་བྱེད་པ། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་བཟོ་བཅོས་གང་མགྱོགས་རྒྱག་པ་བཅས་བྱེད་དགོས་ཞེས་ཨུ་ཡོན་ཀྲུའུ་ཝེ་ཆུན་གྱིས་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད།
         ཨུ་ཡོན་ཧའོ་མིན་ཅིན་གྱིས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་བར། རང་རྒྱལ་གྲོང་ཁྱེར་གྱི་གྲངས་འབོར་ཅུང་ཉུང་བ་དང་གྲོང་ཁྱེར་འབྲིང་ཆུང་འཕར་ཚད་ཧ་ཅང་མགྱོགས་པོ་མེད་པ་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་ཞན་ཆ་ཆེ་ཤོས་ཡིན་པས། གྲོང་ཁྱེར་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། རིགས་ཁག་གི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་སྡེབ་སྒྲིག་ལ་སྤྱི་འདོམས་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་གཏོང་མགྱོགས་སུ་བཏང་ནས་སྤྱི་པའི་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
         ཨུ་ཡོན་ཀྲུའུ་པའོ་ཁྲེང་གིས་ཞིང་ལས་ལས་རིགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཏེ། གྲོང་གསེབ་ས་ཆའི“དབང་ཆ་གསུམ་དབྱེ་བཀོད”ལམ་ལུགས་ཀྱི་རིག་གཞུང་དང་ལག་ལེན་དབར་ཐག་གཅོད་དགོས་པའི་གནད་དོན་སྔར་བཞིན་ལྷག་ཡོད་པས། རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་རྨང་གཞི་བརྟན་དུ་བཏང་ནས་གྲོང་གསེབ་ཀྱི་འགན་གཙང་སྤྲད་པའི་ས་ཆའི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ལ་སྐུལ་འདེད་གང་མགྱོགས་བཏང་ཁར། ཞིང་ཆེན་ཡོངས་སུ་ཚོད་ལྟ་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་ཀྱིས་ལག་ལེན་གྱི་མཛུབ་ཁྲིད་དང་སྲིད་ཇུས་ཀྱི་ཕྱོགས་སྟོན་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།