འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་འཐུས་མི་ཚོགས་པས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་
    སྒྲོན་ལ་གྲོས་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་9ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། མི་རིགས་དོན་བྱེད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་པད་མ་འཕྲིན་ལས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་བཅས་ཚོགས་འདུར་ཕེབས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།
         བྱམས་པ་ཕུན་ཚོགས་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཀྲང་ཕེ་ཀྲུང་། ཏིང་ཀྲུང་ལི། དབང་འདུས། བློ་བཟང་བསྟན་པ། འཇམ་དབྱངས་ཉི་མ། ཕུན་ཚོགས། སྐལ་བཟང་སྒྲོལ་དཀར། འ་བུའུ་སོགས་འཐུས་མི་དང་། ཚོགས་འདུར་ཟུར་ཞུགས་གནང་མཁན་དང་ཟུར་ཉན་གནང་མཁན་གྱིས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་གཏམ་བཤད་སྤེལ་ཞིང་། ཚང་མས་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། གཙོ་གནད་མངོན་གསལ་དོད་པ། ཚིག་དོན་ཁུ་བསྡུས་པ། གྲུབ་ཆ་ལུགས་མཐུན་བཅས་ཡོད་པ་དང་སྙན་སྒྲོན་གྱི་འགོ་ནས་མཇུག་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་བྱེད་ལུགས་མཚོན་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་ཞིབ་ལྟ་དང་ཇུས་འགོད་བྱས་ཡོད་པ་དང་། ཕྱོགས་བདུན་གྱི་ཐད་ནས་ལོ་གཅིག་རིང་གི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་གྱི་གཙོ་གནད་དང་། ཁྱད་ཆོས། བཀྲག་མདངས་འཚེར་ས་བཅས་ལ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་ལོ་གསར་པའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་གྱི་སྤྱིའི་བླང་བྱ་དང་། ལས་ཀའི་བསམ་ཕྱོགས། ལས་འགན་གཙོ་བོ་བཅས་ཁ་གསལ་བཏོན་ཡོད་པས་དེ་ཐོག་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཐག་རང་གཅོད།
         ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཐུབ་ལུགས་གང་ལེགས་མཚོན་པ་དང་དེ་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་མི་རྣམས་ཞུམ་པ་མེད་པར་མདུན་དུ་བསྐྱོད་རྒྱུར་སྐུལ་ལྕག་བྱེད་པའི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་ང་ཚོས་རྦད་དེ་མོས་མཐུན་ཞུ་རྒྱུ་ཡིན་ཞེས་གསུངས།
         ཚང་མས་འདས་ཟིན་པའི་ལོ་གཅིག་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་དབང་ནན་ཏན་སྤྱད་དེ་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཁྲིམས་འཛུགས་ལས་དོན་ལ་མུ་མཐུད་གྲངས་འབོར་མང་བ་དང་། དོན་སྙིང་ཆེ་བ། མྱུར་ཚད་མགྱོགས་པ་བཅས་ཀྱི་ཁྱད་ཆོས་ལྡན་པར་བྱེད་པ། ཁྲིམས་བཞིན་ལྟ་སྐུལ་ནུས་ལྡན་བྱེད་པ་བཅས་ཀྱིས་ཏང་དང་མི་དམངས་ལ་ལྗིད་ཏིག་ཏིག་གི་གྲུབ་འབྲས་ཐོ་དེབ་ཅིག་ཕུལ་ཡོད། ཆེས་མཐོའི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཤིག་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ནུས་པ་འདོན་སྤེལ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ཤུགས་རྐྱེན་ཐེབས་ཤུགས་རྒྱ་ཆེར་ཕྱིན་པ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏིང་ཟབ་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་སྲིད་དབང་འཛུགས་སྐྱོང་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་པ་བཅས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས།
         ཚང་མས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ་ཀྲུང་གོའི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཀྱང་རེད། དུས་བབ་གསར་པ་དང་ལས་འགན་གསར་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷག་དོན་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་རེ་སྒུག་བྱེད་ཚད་ཇེ་ཆེར་འགྲོ་གི་ཡོད། སླད་ཕྱིན་ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་དོན་དུ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རང་རྟོགས་ངང་མཐའ་འཁྱོངས་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས། ཁྲིམས་འཛུགས་དང་སྣེ་ཁྲིད་ཀྱི་ནུས་པ་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ། ལྟ་སྐུལ་ཡང་དག་དང་ལྟ་སྐུལ་ནུས་ལྡན། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། འཐུས་མིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐབས་བརྗེ་འདེམས་བསྐོའི་ལས་དོན་ནུས་ལྡན་ངང་ལེགས་པར་སྒྲུབ་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དུས་བསྟུན་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།