འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཟླ་3ཚེས་15ཉིན་ནས་2017ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་འགོ་
    ཚུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་གླིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་དྲ་ཐོག་ཆ་འཕྲིན་ཐོ་འགོད་བྱེད་པའི་དུས་ཚོད་ནི་ཟླ་3ཚེས་15ནས་ཚེས་25ཉིན་བར་ཡིན་པ་དང་། ས་གནས་ས་ཐོག་ཏུ་གཏན་འཁེལ་བྱེད་པའི་དུས་ཚོད་ནི་ཟླ་3ཚེས་26ནས་ཚེས་31ཉིན་བར་ཡིན་ཞིང་། ས་གནས་ས་ཐོག་ཏུ་གཏན་འཁེལ་བྱེད་པའི་གནས་ནི་གྲོང་ཁྱེར་དང་ས་ཁུལ་ཁག་གི་སློབ་བསྡུ་གཞུང་ལས་ཁང་། བོད་ལྗོངས་མི་རིགས་སློབ་ཆེན་སློབ་བསྡུ་གཞུང་ལས་ཁང་། གོར་མོ་དོན་གཅོད་ཁང་གི་སློབ་བསྡུ་གཞུང་ལས་ཁང་བཅས་སུ་བཀོད་སྒྲིག་བྱས་ཡོད་པ་རེད།
         ཡིག་རྒྱུགས་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་རྒྱུགས་སྤྲོད་སློབ་མས་རང་ཉིད་ཀྱི་ཆ་འཕྲིན་ཐོ་འགོད་བྱེད་སྐབས་ངེས་པར་དུ་འདོན་ཐེངས་གཉིས་པའི་ཐོབ་ཐང་ལག་ཁྱེར་བསྟན་ནས་དབྱེ་འབྱེད་ཡོ་བྱད་ཀྱིས་ཐོབ་ཐང་གཏན་འཁེལ་བྱ་རྒྱུ་དང་ལེན་བྱེད་དགོས། བོད་ལྗོངས་ཀྱིས་ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས། བོད་ལྗོངས་མི་རིགས་སློབ་ཆེན། གོར་མོ་དོན་གཅོད་ཁང་། ཁྲེང་ཏུའུ་བཅས་སུ་རྒྱུགས་ར་བཙུགས་ཡོད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།