འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི"འཐུས་མཆན་འགོད་མཁན་མཛེས་ཤོས"ཀྱི་བྱམས་བརྩེ་ལྡན་པའི་ཞབས་ཞུ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་07ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱི'འཐུས་མཆན་འགོད་མཁན་མཛེས་ཤོས'ཀྱི་བྱམས་བརྩེ་ལྡན་པའི་ཞབས་ཞུ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་6ཉིན། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་མྱུལ་ཞིབ་ཉིང་ལག་རུ་ཁག"སྤང་རྒྱན་མེ་ཏོག་བུད་མེདའཐུས་མཆན་འགོད་ཁང་"ནི་བུད་མེད་འཐུས་མཆན་འགོད་མཁན་12ལས་གྲུབ་ཞིང་། 2015ལོའི་ཟླ་8ཚེས་1ཉིན་ལྷ་སར་དངོས་སུ་བཙུགས་པ་དང་། གཙོ་བོར་བོད་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་དུ་འགྲོ་མཁན་མི་སྣའི་རྒྱལ་མཚམས་བགྲོད་བསྐྱོད་འཛིན་ཡིག་གཉེར་སྒྲུབ་ལས་དོན་སྒྲུབ་འགན་འཁུར་གྱི་ཡོད་པ་རེད། མིག་སྔར། "རྒྱལ་ཡོངས་ཀྱི་བུད་མེད་ཡ་རབས་ཚུལ་ལྡན་ལས་གནས་"ཞེས་པའི་མཚན་སྙན་གཟི་བརྗིད་ངང་ཐོབ་པའི་འཐུས་མཆན་འགོད་ཁང་"གིས"གཅེས་སེམས་ལྡན་པའི་སྒེའུ་ཁུང"སྟེ། ཆུ་ཚོད་24ལ་འཛིན་ཡིག་གཉེར་སྒྲུབ་ཞབས་ཞུའི་ལས་སྟེགས། འཕྲིན་ཕྲན་ནས་སྔོན་མངགས་འཛིན་ཡིག་གཉེར་སྒྲུབ་བྱ་རྒྱུ། བོད་རྒྱ་ཡིག་རིགས་གཉིས་ཀྱི་འཛིན་ཡིག་གཉེར་སྒྲུབ་བྱ་རིམ་པར་རིས་སོགས་མི་དམངས་ལ་སྟབས་བདེ་བཟོ་བའི་བྱ་ཐབས་སྣ་མང་པོ་སྤེལ་བ་རེད། འདི་ནི་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་མྱུལ་ཞིབ་ཉིང་ལག་རུ་ཁག"སྤང་རྒྱན་མེ་ཏོག་བུད་མེད་འཐུས་མཆན་འགོད་ཁང་"གི་བུད་མེད་ཉེན་རྟོག་པས་གྲོང་མི་ཚོར་ངང་རྒྱུད་རིང་པོས་2017ལོའི་ཟླ1ཚེས་1ཉིན་ནས་ལག་ལེན་དངོས་སུ་བསྟར་འགོ་ཚུགས་པའི་《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་ཁྲིམས་སྲོལ་》གསལ་འགྲེལ་བྱེད་ཀྱི་ཡོད་པ་རེད།
    ༄༅།།བོད་ལྗོངས་ཀྱི'འཐུས་མཆན་འགོད་མཁན་མཛེས་ཤོས'ཀྱི་བྱམས་བརྩེ་ལྡན་པའི་ཞབས་ཞུ།
    ༄༅།།བོད་ལྗོངས་ཀྱི'འཐུས་མཆན་འགོད་མཁན་མཛེས་ཤོས'ཀྱི་བྱམས་བརྩེ་ལྡན་པའི་ཞབས་ཞུ།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།