འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོག་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་03ཉིན། 15:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོག་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་3ཉིན་གྱི་ཕྱི་དྲོའི་ཆུ་ཚོད་15:00ཐོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོག་འགོ་ཚུགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་2000ལྷག་གིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གཉིས་ལ་གསན་པ་དང་གྲོས་ཞིབ་བྱས་པ་རེད།
          ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོའི་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་གོའི་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས་(ཀྲུང་གོའི་གོ་ལ་ཧྲིལ་པོའི་བརྙན་འཕྲིན་དྲ་བ)བཅས་ཀྱིས་འགོ་ཚུགས་པའི་ཚོགས་འདུའི་ཐོག་ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་ཡུལ་དངོས་ཐད་གཏོང་བྱས་པ་དང་། ཀྲུང་དབྱང་གནད་ཆེའི་གསར་འགྱུར་དྲ་བས་འགོ་ཚུགས་པའི་ཚོགས་འདུ་དུས་དངོས་གནས་འཕྲིན་སྤེལ་བ་རེད།
    ༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོག་འགོ་ཚུགས་པ།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།