འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་གྲབས་ཡོད་པས་ཉེན་རྟོག་དྲག་དཔུང་གི་དཔོན་དམག་ཚོ་
    ཚོགས་ཆེན་གཉིས་ཀྱི་ལས་རྐང་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་གྲབས་ཡོད་པས་ཉེན་རྟོག་དྲག་དཔུང་གི་དཔོན་དམག་ཚོ་
ཚོགས་ཆེན་གཉིས་ཀྱི་ལས་རྐང་དུ་བསྐྱོད་པ།
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་1ཉིན། པེ་ཅིང་གྲོང་ཁྱེར་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུའི་དུས་ཚོད་ཉེ་བ་དང་བསྟུན་ནས་ཉེན་རྟོག་དྲག་དཔུང་པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་རུ་ཁག་གི་དཔུང་སྡེ་ཆེ་གེ་མོའི་ཚོགས་ཆེན་གཉིས་ཀྱི་བདེ་སྲུང་བྱེད་འགན་འཁུར་བའི་དཔོན་དམག་རྣམས་དངོས་སུ་ལས་རྐང་དུ་བསྐྱོད་དེ་ཕྱོགས་ཡོངས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བདེ་སྲུང་ལས་དོན་སྒྲུབ་འགོ་བཙུགས་ཏེ་རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་འཚོགས་ཐུབ་པར་སྲུང་སྐྱོང་བྱ་རྒྱུ་རེད།
           མཚམས་སྦྱོར་བྱས་པར་གཞིགས་ན། དཔུང་སྡེ་འདི་ཡིས་གཙོ་བོར་པེ་ཅིང་གསོལ་མགྲོན་ཁང་དང་སྐུ་མགྲོན་ཐོག་བརྩེགས་གསོལ་མགྲོན་ཁང་གི་འཐུས་མི་བཞུགས་གནས་ཀྱི་བདེ་སྲུང་བྱེད་འགན་འཁུར་གྱི་ཡོད་པ་རེད། ཁོང་ཚོས"རྒན་པས་ན་གཞོན་འཁྲིད་པ"དང་། "དམར་སྔོན་འགྲན་རྒོལ།" "ཆེད་དམིགས་སོ་བར་ཆེད་དོན་ཞིབ་འཇུག"བཅས་ཀྱི་བྱ་ཐབས་ལག་བསྟར་བྱས་ཏེ་དཔོན་དམག་ཚང་མ་སྒྲིག་འཛུགས་བྱས་ཏེ་ལས་རྐང་དུ་དངོས་སུ་བསྐྱོད་པ་དང་། ལས་སྒྲུབ་བཀོད་སྒྲིག་དང་། ལས་སྒྲུབ་སྒྲིག་ཆས། ལས་སྒྲུབ་བྱས་ཚུལ་བཅས་ལ་རེ་རེ་བཞིན་ཞིབ་འཇུག་བྱས་ནས་ལས་སྒྲུབ་བྱེད་ནུས་དང་བྱང་ཚད་སྔར་ལས་མཐོ་རུ་གཏོང་གི་ཡོད་པ་རེད།
    ༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་གྲབས་ཡོད་པས་ཉེན་རྟོག་དྲག་དཔུང་གི་དཔོན་དམག་ཚོ་
ཚོགས་ཆེན་གཉིས་ཀྱི་ལས་རྐང་དུ་བསྐྱོད་པ།
    ༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་གྲབས་ཡོད་པས་ཉེན་རྟོག་དྲག་དཔུང་གི་དཔོན་དམག་ཚོ་
ཚོགས་ཆེན་གཉིས་ཀྱི་ལས་རྐང་དུ་བསྐྱོད་པ།
    ༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་གྲབས་ཡོད་པས་ཉེན་རྟོག་དྲག་དཔུང་གི་དཔོན་དམག་ཚོ་
ཚོགས་ཆེན་གཉིས་ཀྱི་ལས་རྐང་དུ་བསྐྱོད་པ།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།