འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རི་རྒྱལ་སྲུང་པུའུ་ཡིས"དབྱི་སི་ལན་རྒྱལ་ཁབ"ལ་རྡུང་རྡེག་གཏོང་རྒྱུའི་ཐོག་མའི་འཆར་
    གཞི་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་27ཉིན། ཨ་རིའི་རྒྱལ་སྲུང་པུའུ་ཀྲང་མ་ཏི་སི་ཡིས་ཕོ་བྲང་དཀར་པོར་ཨ་རིའི་དམག་ཕྱོགས་ཀྱིས་གཙོ་ཁྲིད་བྱས་ནས་བཟོ་འགོད་བྱས་པའི་ཐལ་སྐྱོད་རྩ་འཛུགས"དབྱི་སི་ལན་རྒྱལ་ཁབ"ལ་རྡུང་རྡེག་གཏོང་རྒྱུའི་ཐོག་མའི་འཆར་གཞི་ཞིག་ཕུལ་བ་རེད།
         ཨ་རིའི་རྒྱལ་སྲུང་པུའུ་ཡི་གཏམ་བཤད་མཁན་ཏའེ་ཝེ་སི་ཡིས་ཉིན་དེའི་སྔོན་བརྡའི་ཚོགས་འདུའི་ཐོག་ཐེངས་འདིར་གོང་འབུལ་ཞུས་པའི་ཐོག་མའི་འཆར་གཞི་ནི"དབྱི་སི་ལན་རྒྱལ་ཁབ"གཏོར་ཕམ་མགྱོགས་མྱུར་གཏོང་བའི་དམིགས་ཡུལ་ཡིན། འདི་ནི་ད་ལྟ་འཕྲལ་མར་ལག་བསྟར་བྱ་རྒྱུའི་དམག་དོན་འཆར་གཞི་ཞིག་མིན་པར། མ་འོངས་པར་དེ་འབྲེལ་གྱི་འཐབ་ཇུས་བཟོ་འགོད་སྔར་ལས་ལྷག་པར་བྱ་རྒྱུར་གཞི་སྒྲོམ་འདོན་སྤྲོད་བྱེད་ཆེད་ཡིན། འཆར་གཞི་འདི་ནང་དོན་ཁྱབ་རྒྱ་ཆེ་བ་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་ཡོངས་ལ་རྐང་པ་བཙུགས་པས། ནང་དོན་ནི་དམག་དོན་བྱ་སྤྱོད་དང་འབྲེལ་བ་ཡོད་པ་མ་ཟད། དབྱི་རག་དང་སི་རི་ཡ་རྒྱལ་ཁབ་གཉིས་ཙམ་ཡང་མི་ཚད་པ་རེད། འཆར་གཞི་དེ་ནི་ཐོག་མའི་དུས་རིམ་དུ་གནས་ཡོད་པས་རྒྱལ་སྲུང་པུའུ་ཡིས་ནང་དོན་ཞིབ་ཕྲ་ཁྱབ་བསྒྲགས་བྱས་མེད་ཅེས་བསྟན་པ་རེད།
         ཨ་རིའི་ཙུང་ཐུང་ཐི་རོམ་ཕུ་ཡིས་བདམས་ཐོན་ཡོང་བའི་འགྲན་བསྡུར་བྱེད་རིང་ཨའོ་པ་མ་སྲིད་གཞུང་གིས"དབྱི་སི་ལན་རྒྱལ་ཁབ"ལ་རྡུང་རྡེག་བྱེད་ཤུགས་ཞན་དྲགས་པ་རེད་ཅེས་སུན་འབྱིན་ཐེངས་མང་བྱས་པ་མ་ཟད། "དབྱི་སི་ལན་རྒྱལ་ཁབ"གཏོར་ཕམ་མགྱོགས་མྱུར་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་ཀྱི་སྲོག་ཤིང་དུ་གྱུར་པའི་གྲུབ་ཆར་བཟུང་ཡོད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།