འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་གུང་གསེང་སྐབས་ལས་ཀར་ཞུགས་པའི་གླ་ཕོགས་ཇི་ལྟར་རྩིས་རྒྱག་དགོས་སམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 17:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དཔྱིད་གསར་གུང་གསེང་སྐབས་ལས་ཀར་ཞུགས་པའི་གླ་ཕོགས་ཇི་ལྟར་རྩིས་རྒྱག་དགོས་སམ།
          མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་མོ་གཏོང་གྲབས་འདུག གལ་སྲིད་ངལ་རྩོལ་པས་ལས་གནས་གཏན་སྲུང་བྱས་ན། ལས་ཀར་ཞུགས་པའི་གླ་ཕོགས་ཇི་ལྟར་རྩིས་རྒྱག་དགོས་སམ་ཞེ་ན། གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་གསར་ཚེས་གཅིག་དང་ཚེས་གཉིས། ཚེས་གསུམ་བཅས་ལ་ལས་ཀར་ཞུགས་ན། ལས་ཁུངས་ཀྱིས་ངལ་རྩོལ་པ་དེ་ཉིད་ཀྱི་ནམ་རྒྱུན་ཉིན་རེའི་གླ་ཕོགས་ལས་མི་དམའ་བའམ་ཡང་ན་ཆུ་ཚོད་རེར་གླ་ཕོགས་ཀྱི་300%བྱས་ནས་ལས་ཞུགས་གླ་ཕོགས་ལྟར་སྤྲོད་དགོས་པ་རེད།
          《2017ལོའི་དུས་ཆེན་དང་གུང་གསེང་གི་བཀོད་སྒྲིག་ཆ་ཤས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་བརྡ་ཐོ་》ལ་གཞིགས་ན། ཟླ་དང་པོའི་ཚེས་27ཉིན་ནས་ཟླ་2ཚེས་2ཉིན་བར་གུང་གསེང་གི་ངལ་གསོ་ལེགས་སྒྲིག་བྱས་ཤིང་། ཁྱོན་བསྡོམས་ཉིན་7འདུག  ཟླ་དང་པོའི་ཚེས་22ཉིན་(གཟའ་ཉི་མ)དང་ཟླ་2ཚེས་4ཉིན་(གཟའ་སྤེན་པ)གཉིས་ལ་ལས་འགོ་ཚུགས་དགོས་འདུག  དེའི་ནང་ཟླ་དང་པོའི་ཚེས་28(ལོ་གསར་ཚེས་གཅིག)ནས་ཚེས་30(ལོ་གསར་ཚེས་གསུམ)ཉིན་བར་ནི་དཔྱིད་གསར་དུས་ཆེན་གྱི་ཁྲིམས་བཀོད་གུང་གསེང་ཡིན་ལ། འབྲེལ་ཡོད་ཁྲིམས་སྲོལ་ལྟར་ན། མི་བཀོལ་ལས་ཁུངས་ཀྱིས་དུས་སྐབས་འདིའི་རིང་ངལ་རྩོལ་པར་ལས་ཀ་བཀོད་སྒྲིག་བྱས་ན། དེའི་གླ་ཕོགས་ནི་ངལ་རྩོལ་པ་དེ་ཉིད་ཀྱི་ནམ་རྒྱུན་ཉིན་རེའི་གླ་ཕོགས་ལས་མི་དམའ་བའམ་ཡང་ན་ཆུ་ཚོད་རེའི་ནང་གླ་ཕོགས་ཀྱི་300%བྱས་ནས་དུས་ཡོལ་ལས་ཞུགས་ཀྱི་གླ་ཕོགས་སྤྲོད་དགོས་པ་རེད། ཟླ་དང་པོའི་ཚེས་27ཉིན་(གནམ་གང)དང་། ཟླ་དང་པོའི་ཚེས་31ཉིན་(ལོ་གསར་ཚེས་བཞི་)ནས་ཟླ་2ཚེས་2ཉིན་(ལོ་གསར་ཚེས་དྲུག་)བར་གྱི་ཉིན་བཞི་ཡི་རིང་ལ། མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་པར་ལས་ཀ་བཀོད་སྒྲིག་བྱས་ན། ངལ་རྩོལ་པར་ངལ་གསོ་ཁ་གསབ་བྱས་ན་དུས་ཡོལ་ལས་ཞུགས་ཀྱི་གླ་ཕོགས་མ་སྤྲད་ཀྱང་ཆོག གལ་སྲིད་ངལ་གསོ་ཁ་གསབ་མ་བྱས་ན། ངལ་རྩོལ་པ་དེ་ཉིད་ཀྱི་ནམ་རྒྱུན་ཉིན་རེའི་གླ་ཕོགས་ལས་མི་དམའ་བའམ་ཡང་ན་ཆུ་ཚོད་རེའི་རིང་གི་གླ་ཕོགས་ཀྱི་200%ལྟར་དུས་ཡོལ་ལས་ཞུགས་ཀྱི་གླ་ཕོགས་སྤྲོད་དགོས་པ་རེད།
          དུས་ཡོལ་ལས་ཞུགས་ཀྱི་གླ་ཕོགས་རྩིས་རྒྱག་དུས། ཉིན་རེའི་གླ་ཕོགས་དེ་ཟླ་གཅིག་གི་ཆ་སྙོམས་ལས་ཞུགས་ཉིན་གྲངས་21.75ལྟར་རྩིས་རྒྱག་རྒྱུ་ཡིན་པ་དང་། ཆུ་ཚོད་རེའི་གླ་ཕོགས་ནི་ཉིན་རེའི་གླ་ཕོགས་ཀྱི་རྨང་གཞིའི་ཐོག་ནས་ཆུ་ཚོད་8ལ་བགོས་ནས་རྩིས་རྒྱག་པ་རེད། དུས་ཡོལ་ལས་ཞུགས་གླ་ཕོགས་ཀྱི་གཞི་གྲངས་རྩིས་རྒྱག་གཏན་འཁེལ་བྱེད་སྐབས། ངལ་རྩོལ་གན་རྒྱའི་ནང་གླ་ཕོགས་ཀྱི་སྐོར་གྲོས་དན་ཁ་གསལ་ཡོད་རིགས། ཐོན་མོང་གི་ངལ་རྩོལ་གན་རྒྱའི་གྲོས་དན་ཚད་འཛིན་དགོས། མི་བཀོལ་མཁན་སྡེ་ཚན་གྱིས་ངལ་རྩོལ་པ་དང་གྲོས་དན་གང་ཡང་བཞག་མེད་ན། ངལ་རྩོལ་པ་དེ་ཉིད་གནས་ཡུལ་ལས་སྒང་གི་དུས་རྒྱུན་ལས་འབྱོར་གྱི་ཟླ་རེའི་གླ་ཕོགས་ཀྱི་70%ལྟར་གཏན་འཁེལ་བྱེད་དགོས། 
          2016ལོའི་ཟླ་4ཚེས་1ཉིན་ནས་བཟུང་ཧྲང་ཧའེ་གྲོང་ཁྱེར་དུ་ཟླ་རེའི་གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་སྒོར་2190ཡིན་པ་ལྟར་རྩིས་ན། ངལ་རྩོལ་པས་ལོ་གསར་ཚེས་གཅིག་དང་། ཚེས་གཉིས། ཚེས་གསུམ་བཅས་ལ་ལས་ཀར་ཞུགས་ཚེ། ཉུང་མཐར་ཡང་ཉིན་རེའི་ལས་ཞུགས་གླ་ཕོགས་སྒོར་302ཙམ་ཡིན་པ་རེད། གལ་སྲིད་དཔྱིད་གསར་དུས་ཆེན་གྱི་ཉིན་བདུན་པོར་ལས་ཀར་ཞུགས་པ་དང་། ལས་ཁུངས་ཀྱིས་ངལ་གསོ་ཁ་གསབ་ཀྱང་བཀོད་སྒྲིག་མ་བྱས་ན། ཉུང་མཐར་ཡང་དུས་ཡོལ་ལས་ཞུགས་གླ་ཕོགས་སྒོར་1711ཐོབ་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།