འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་མངའ་སྡེ་ཞིག་ཏུ་མེ་འཁོར་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་
    ཡང་མི་39གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 17:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱ་གར་གྱི་མངའ་སྡེ་ཞིག་ཏུ་མེ་འཁོར་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་
ཡང་མི་39གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་ཚེས་22ཉིན་གྱི་ས་སྲོད་སྐབས་སུ། རྒྱ་གར་གྱི་མངའ་སྡེ་ཨན་ཏི་ལའི་མེ་འཁོར་འབབ་ཚིགས་ཤིག་གི་ཉེ་འཁོར་དུ། མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་39གྲོངས་པ་དང་། མི་50ལྷག་ཙམ་ལ་རྨས་སྐྱོན་བྱུང་བ་རེད།
          མྱུར་བགྲོད་དུས་གཏན་མེ་འཁོར་འདི་ཉིད་ཅེ་པུའུ་ཏིར་པུར་གྲོང་ཁྱེར་ནས་པུ་པཱ་ན་ཧྲི་ཝར་གྲོང་ཁྱེར་དུ་སྐྱོད་བཞིན་ཡོད་ཅིང་། ས་གནས་དེ་གའི་ཚེས་21ཉིན་གྱི་དགོང་མོའི་ཆུ་ཚོད་11ཡས་མས་སུ་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་བ་རེད།
          ས་གནས་དེ་གའི་ཉེན་རྟོག་པའི་ཟེར་སྒྲོས་ལྟར་ན། མེ་འཁོར་གྱི་མི་བཞུགས་འཁོར་སྒམ་9འཁོར་ལམ་ནས་ཤོར་ཡོད་ལ། དེའི་ཁྲོད་དུ་མི་བཞུགས་འཁོར་སྒམ་3ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད། རྐྱེན་ལམ་དུ་ཤོར་མཁན་མང་ཆེ་བ་དང་རྨས་སྐྱོན་ཕོག་མཁན་ཚོ་ནི་མི་བཞུགས་འཁོར་སྒམ་3ནང་གི་མི་ཡིན་པ་རེད། ད་ལྟ། མེ་འཁོར་གྱི་འཁོར་ལམ་ལ་གཏོར་བརླག་གཏོང་མཁན་བྱུང་མིན་གྱི་བདེན་དཔང་མ་རྙེད་པས། དོན་རྐྱེན་གྱི་འབྱུང་རྩ་ནི་ལག་རྩལ་རང་བཞིན་གྱི་ནོར་འཛོལ་བྱུང་བ་ཡིན་ཤས་ཆེ། 
          རྒྱ་གར་ལྕགས་ལམ་པུའུ་ཡི་མགྲིན་ཚབ་པས། འབྲེལ་ཡོད་མི་སྣ་དོན་རྐྱེན་བྱུང་ཡུལ་དུ་མངགས་ཏེ་ལས་འཛོལ་འབྱུང་རྐྱེན་ལ་བརྟག་དཔྱད་བྱེད་པ་དང་། སྨན་དཔྱད་མི་སྣ་ཚོས་རྨས་སྐྱོན་ཕོག་མཁན་ལ་སྨན་བཅོས་བྱེད་ཀྱི་ཡོད་ལ། རྨས་མ་ཚབས་ཆེན་ཚོ་ཉེ་འཁོར་གྱི་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         རྒྱ་གར་གྱི་ཙུང་ལི་མོ་ཏིས་སྤྱི་ཚོགས་ཀྱི་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ཏེ་རྐྱེན་ལམ་དུ་ཤོར་མཁན་དང་རྨས་སྐྱོན་ཕོག་མཁན་ཚོར་གདུང་སེམས་སྐྱེས་ཚུལ་མཚོན་པ་མ་ཟད། ལྕགས་ལམ་པུའུ་ཡི་པུའུ་ཀྲང་ལ་འཕྲལ་མར་མྱུར་སྐྱོབ་དང་འགྲིམ་འགྲུལ་སླར་གསོ་ཡང་བྱེད་དགོས་པའི་བཀའ་རྒྱ་བཏང་བ་རེད།
          ལྕགས་ལམ་ནི་རྒྱ་གར་གྱི་སྤྱི་པའི་འགྲིམ་འགྲུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་རུང་། རྒྱལ་གཉེར་ལྕགས་ལམ་གྱི་སྒྲིག་ཆས་རྙིང་པར་གྱུར་ཅིང་། ལོ་མང་རིང་ཞིག་གསོ་བྱས་མེད་སྟབས། དུས་གཏན་མེ་འཁོར་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། 2016ལོའི་ཟླ་11ཚེས་20ཉིན། རྒྱ་གར་བྱང་རྒྱུད་ཀྱི་མངའ་སྡེ་པུ་ཁི་ལ་དབྱང་ས་ཁུལ་དུ་མྱུར་བགྲོད་དུས་གཏན་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་མི་120རྐྱེན་ལམ་དུ་ཤོར་བ་དང་། མི་200ལྷག་ཙམ་ལ་རྨས་སྐྱོན་ཕོག་པ་རེད།
    ༄༅།།རྒྱ་གར་གྱི་མངའ་སྡེ་ཞིག་ཏུ་མེ་འཁོར་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་
ཡང་མི་39གྲོངས་པ།
    ༄༅།།རྒྱ་གར་གྱི་མངའ་སྡེ་ཞིག་ཏུ་མེ་འཁོར་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་
ཡང་མི་39གྲོངས་པ།
    ༄༅།།རྒྱ་གར་གྱི་མངའ་སྡེ་ཞིག་ཏུ་མེ་འཁོར་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་
ཡང་མི་39གྲོངས་པ།
      

    ཕྱོགས་བསྡུས་གསར་འགྱུར།