འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི"གཏན་འབེབས་དོན་ཚན་བརྒྱད"ལས་འགལ་མཁན་བོད་ཀྱི་ལས་བྱེད་པ་
    གསུམ་ལ་ཆད་པ་བཅད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་18ཉིན། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་བརྡ་ཁྱབ་བཏང་བར། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་ཕོགས་སྣོན་དང་ཁ་གསབ་དངུལ་གང་བྱུང་དུ་སྤྲད་པ་དང་། སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱས་པ། ཚད་གཞི་ལས་བརྒལ་ནས་སྣེ་ལེན་བྱས་པ་སོགས་ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་རྐྱེན་པས་སློབ་གྲྭ་དེའི་ཐིང་རིམ་པའི་ལས་བྱེད་པ་གཉིས་དང་སྒྲིག་བཤེར་ལས་བྱེད་པ་གཅིག་ལ་ཆད་པ་བཅད་པ་རེད།
        བརྡ་ཁྱབ་ནང་མངོན་པར། 2013ལོ་ཚུན་དུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་གཏན་འབེབས་ལས་ཚབས་ཆེན་འགལ་ཏེ་དགེ་རྒན་དང་ལས་བཟོར་ཕོགས་སྣོན་དང་ཁ་གསབ་དངུལ་མང་པོ་སྤྲད་པ་དང་། མིང་སྣ་ཚོགས་ལ་ཁ་གཡར་ནས་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱས་པ་དང་འབྲེལ་ཡོད་གཏན་འབེབས་ལས་འགལ་ནས་སྣེ་ལེན་བྱས་ཡོད་པ་རེད།
       བརྡ་ཁྱབ་ནང་མངོན་པར། སྐབས་དེ་དུས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཀྲང་གཞོན་པའི་འགན་འཁུར་བཞིན་པའི་རྒྱལ་མཚན་(ཐིང་རིམ་པ་གཞོན་པ་)གྱི་བྱེད་པོའི་འགན་འཁྲིའི་འདུ་ཤེས་ཞན་པའི་དབང་གིས་སྣེ་ཁྲིད་དེ་ཡ་མེད་སྒྲིག་འགལ་བྱས་ནས་ཕོགས་སྣོན་དང་ཁ་གསབ་དངུལ་སྤྲོད་རྒྱུའི་ཐག་བཅད་པ་མ་ཟད། ཕོགས་སྣོན་དང་ཁ་གསབ་དངུལ་བླངས་པ་དང་། སྐབས་དེ་དུས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་གི་འགན་འཁུར་བཞིན་པའི་ལི་ཁྲང་ཧྲན་(ཐིང་རིམ་པ་གཞོན་པ་)གྱིས་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཇུས་འགོད་ནང་ཞུགས་པ་དང་འབྲེལ། ཕོགས་སྣོན་དང་ཁ་གསབ་དངུལ་ཡང་བླངས་པ། སྐབས་དེ་དུས་སྒྲིག་ཨུད་ཧྲུའུ་ཅི་ཡོན་ཀྲང་གཞོན་པའི་འགན་འཁུར་བཞིན་པའི་ཕུའུ་ལི་ཅོན་(ཁྲུའུ་རིམ་པ་རྒན་པ་)གྱིས་སྒྲིག་འགལ་བྱེད་སྤྱོད་བཀག་འགོག་དང་སྙན་ཞུ་མ་བྱས་པའི་ཁར། སྒྲིག་འགལ་བྱེད་སྤྱོད་ཀྱི་ཇུས་འགོད་ནང་ཞུགས་པ་དང་འབྲེལ། ཕོགས་སྣོན་དང་ཁ་གསབ་དངུལ་ཡང་བླངས་པ་བཅས་རེད།
       2016ལོར་རྒྱལ་མཚན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་འཛིན་གྱི་ཚབས་ཆེའི་ཉེས་ཐོ་འགོད་པའི་ཆད་པ་བཅད་པ་དང་། ལི་ཁྲང་ཧྲན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ། ཕུའུ་ལི་ཅོན་ལ་ཏང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད། དེ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཚན་གྱིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ལ་སྒྲིག་འགལ་ངང་སྤྲད་པའི་རིགས་ཁག་གི་ཕོགས་སྣོན་དང་ཁ་གསབ་དངུལ་བསྡུ་ལེན་བྱེད་པ་དང་ཚད་གཞི་ལས་བརྒལ་ནས་སྣེ་ལེན་བྱས་པ་སོགས་ཀྱི་གནད་དོན་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།