འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་ཀྲོའུ་ཡི“ལོ་ལྔ་ཚན་བཅུ་གསུམ་པའི”ཆུ་བེད་འཕེལ་རྒྱས་ཀྱི་འཆར་
    འགོད་ལ་ཞིབ་བཤེར་ཆོག་མཆན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སི་ཁྲོན་དཀར་མཛེས་ཀྲོའུ་ཡི“ལོ་ལྔ་ཚན་བཅུ་གསུམ་པའི”ཆུ་བེད་འཕེལ་རྒྱས་འཆར་འགོད་ལ་2016ལོའི་ལོ་མཇུག་ཏུ་མཆན་བཀོད་བཀའ་ལན་ཐོབ་ཡོད། འཆར་འགོད་དེའི་དུས་འགོའི་བརྟག་ཞིབ་དང་། མཐིལ་རྟོགས། ཇུས་གཞི་འཆར་འགོད་བཅས་བྱེད་པ་ནས་འཆར་འགོད་ལ་ཞིབ་བཤེར་ཆོག་མཆན་ཐོབ་པའི་བར་འཆར་འགོད་དེར་རྒྱལ་ཁབ་ཆུ་བེད་པུའུ་དང་ཞིང་ཆེན་དང་ཀྲོའུ་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲོའུ་ཡོངས་ཀྱི་ཆུ་དོན་ལས་དོན་པའི་ནུས་སེམས་གཅིག་ཏུ་འགྲིལ་ཡོད་པ་རེད།
        དཀར་མཛེས་ཀྲོའུ་ཡི“ལོ་ལྔ་ཚན་བཅུ་གསུམ་པའི”ཆུ་བེད་འཕེལ་རྒྱས་འཆར་འགོད་ལ་གཅིག་ནས་འཆར་འགོད་དུས་ཚོད་ཐད“སྔ་བ”འབུར་དུ་ཐོན་ཞིང་། འཆར་འགོད་འཆར་ཟིན་ཞིབ་འཇུག་དང་འཆར་ཟིན་འགོད་པའི་བླང་བྱ་ནི་2015ལོའི་ཟླ་12པའི་ཟླ་མཇུག་གོང་ལེགས་སྒྲུབ་ཐུབ་པ་བྱ་རྒྱུ་དེ་ཡིན་པ་དང་། ང་ཚོས་ཀྱང་2015ལོའི་ཟླ་7པའི་གོང་ལེགས་སྒྲུབ་བྱས་ཏེ་ད་ལྟ་ཞིང་ཆེན་ཆུ་བེད་ཐིང་དང་ཆུ་བེད་པུའུ་ལ་སྙན་ཞུ་མཐུན་སྦྱོར་བྱས་ནས་དཀར་མཛེས་ཀྲོའུ་ཡི“ལོ་ལྔ་ཚན་བཅུ་གསུམ་པའི”ཆུ་བེད་འཕེལ་རྒྱས་འཆར་འགོད་ཐད་ཞིབ་བཤེར་བྱ་རྒྱུའི་རེ་ཞུ་འབུལ་བཞིན་ཡོད།
        གཉིས་ནས་འཆར་འགོད་བསམ་ཕྱོགས་ཐད“གསར་པ”འབུར་དུ་ཐོན་ཞིང་། ཀྲུང་དབྱང་གི“ཆུ་གྲོན་ཆུང་བྱ་རྒྱུ་གཙོ་བོར་བྱེད་པ་དང་། བར་མཐོངས་དོ་སྙོམས་ཡོང་བ། མ་ལག་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ནས་ཤུགས་རྒྱག་པ”བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་གསར་པ་གཞིར་བཟུང་། དཀར་མཛེས་ཀྲོའུ་ཆུ་དོན་ཅུས་ཀྱིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་བ། བློ་རྩེ་གཅིག་སྒྲིམ་གྱིས་འཆར་འགོད་བཅས་བྱས་པ་བརྒྱུད། ཀྲོའུ་ཡོངས་ཀྱི་ཆུ་བེད་ལས་དོན་ཐད“ལྟེ་བ་གཅིག་དང་། ཁུལ་གཉིས། ལྟེ་བ་གསུམ”བཅས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཆུ་བེད་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་གཏན་འཁེལ་བྱས་པ་རེད།
         གསུམ་ནས་འཆར་འགོད་ནང་དོན་ཐད“འཐུས་ཚང”འབུར་དུ་ཐོན་ཞིང་། དཀར་མཛེས་ཀྲོའུ་ཡི“ལོ་ལྔ་ཚན་བཅུ་གསུམ་པའི”ཆུ་བེད་འཕེལ་རྒྱས་ཐད་ཕྱོགས་ཡོངས་ནས་འཆར་འགོད་བྱས་པ་དང“གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཐུང་ཆུའི་སྒྲིག་བཀོད་བརྟན་གཏོང་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ”ལྟེ་བར་བྱས་པ་དང་། “ཞིང་ཁར་ཆུ་འདྲེན་པ་དང་འབྲོག་ཁུལ་རྩྭ་ཐང་ལ་ཆུ་གྲོན་ཆུང་བྱས་ཏེ་ཆུ་འདྲེན་རྒྱུ”ཁུལ་གཉིས་སུ་བྱས་པ། “ཐོན་ཁུངས་སྲུང་སྐྱོང་དང་། ཁྲིམས་འཛིན་ཤུགས་ཆེན། ཕྱོགས་བསྡུས་བཅོས་སྐྱོང་། རྩེ་རིམ་ཇུས་འགོད། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང”བཅས་ལྟེ་བ་གསུམ་ལ་བྱས་ཡོད་པ་རེད།
         བཞི་ནས་འཆར་འགོད་མ་འཇོག་ཐད“ཚད་བརྒལ”འབུར་དུ་ཐོན་ཞིང་། དཀར་མཛེས་ཀྲོའུ་ཡི“ལོ་ལྔ་ཚན་བཅུ་གསུམ་པའི”ཆུ་བེད་འཕེལ་རྒྱས་འཆར་འགོད་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་768བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་སྤྱིའི་མ་འཇོག་ལས་477%བརྒལ་ནས་རྒྱལ་ཁབ་དབུ་བརྙེས་ཚུན་གྱི་སྤྱིའི་མ་འཇོག་ལས་མང་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།