འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ནེའུ་ཙི་ལན་དུ་བསྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་མགྱོགས་མྱུར་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནེའུ་ཙི་ལན་བསྡོམས་རྩིས་ཅུས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་2016ལོའི་ཟླ་བཅུ་པ་ནས་ཟླ་བཅུ་གཅིག་པའི་བར་གྱི་རྒྱལ་སྤྱིའི་ཡུལ་སྐོར་བའི་བསྡོམས་རྩིས་གྲངས་གཞི་ལས་མངོན་དོན། ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་མགྱོགས་མྱུར་མང་དུ་ཕྱིན་ནས་ནེའུ་ཙི་ལན་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
        གྲངས་གཞི་ལས་མངོན་པར། 2016ལོའི་ཟླ་བཅུ་པར་ཀྲུང་གོ་ནས་ནེའུ་ཙི་ལན་དུ་འབྱོར་བའི་ཡུལ་སྐོར་བ་མི་ཐེངས་ཁྲི་2.9ལས་བརྒལ་བ་དེ་2015ལོའི་ཟླ་བཅུ་པ་ལས་8.6%འཕར་ཡོད། དེའི་ནང་སྤྲོ་གསེང་བྱེད་མཁན་ཡུལ་སྐོར་བའི་མི་གྲངས་དུས་མཚུངས་ལས་5.4%འཕར་ཡོད།
        2016ལོའི་ཟླ་11བར། ཟླ་བཅུ་གཉིས་བསྟུད་མར་ཀྲུང་གོ་ནས་ནེའུ་ཙི་ལན་དུ་འབྱོར་བའི་ཡུལ་སྐོར་བའི་མི་གྲངས་མི་ཐེངས་ཁྲི་41ཟིན་པ་དེ་དུས་མཚུངས་ལས་18.8%འཕར་ཡོད།
        ནེའུ་ཙི་ལན་གྱི་གྲོང་ཁྱེར་ཆེ་ཤོས་ཨའོ་ཁེ་ལན་རྒྱལ་སྤྱིའི་གནམ་ཐང་ནི་སྔར་བཞིན་ཀྲུང་གོའི་ཡུལ་སྐོར་བས་ནེའུ་ཙི་ལན་དུ་བསྐྱོད་པའི་འགྲོ་ལམ་གཙོ་བོ་ཡིན་པ་རེད། ཡིན་ཡང་ཀྲུང་གོའི་ཡུལ་སྐོར་བ་སྔར་བས་མང་བ་ཞིག་གིས་ནེའུ་ཙི་ལན་གྱི་ལྷོ་གླིང་གནམ་ཐང་བརྒྱུད་ནས་ཡུལ་སྐོར་དུ་སྐྱོད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།