འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཏི་པའེ་ཡི་རང་མོས་ཉོ་ཚོང་ཁུལ་གྱི་འགན་འཁུར་བས་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་
    ཁུལ་གྱི་གྲུབ་འབྲས་ལ་བསྔགས་བརྗོད་ཆེན་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་ཡི་རང་མོས་ཉོ་ཚོང་ཁུལ་གཙོ་བོའི་གྲས་ཤིག་ཡིན་པའི་ཏི་པའེ་ཚོང་ཟོག་སྣ་ཚོགས་ལྟེ་གནས(DMCC)ཀྱི་ལག་བསྟར་ཏུང་ཧྲི་ཁེ་ལི་སི་ཐ·ཕུའུ་ཁེ་སི་ཡིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་བཙུགས་ནས་དུས་ཐུང་ལོ་གསུམ་ནང་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས་ཁོང་གིས་དེའི་ཐད་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད་བསྔགས་བརྗོད་ཆེན་པོ་བྱས་པ་རེད།
        ཕུའུ་ཁེ་སི་ཡིས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་1984ལོར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་སྤེལ་རེས་དང་ལྷག་པར་དུ་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ན་ནིང་ཟླ་10པར་ཏི་པའེ་ཡི་ཚོང་ཟོག་སྣ་ཚོགས་ལྟེ་གནས་ཀྱིས་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཆེད་མངགས་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དུ་འཚམས་འདྲིར་སྐྱོད་པས་དེའི་གཞི་ཁྱོན་དང་ཤུགས་རྐྱེན་ཕོག་ཤུགས་ལ་བག་ཆགས་ཟབ་མོ་བྱུང་ནས་ཕྱོགས་གཉིས་པོས་ཆེད་ལས་ཁྱབ་ཁོངས་ཀྱི་ཤེས་བྱ་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་མ་ཟད། ཕན་ཚུན་དབར་གྱི་དཔལ་འབྱོར་ཚོང་དོན་ལམ་སྲོལ་ལ་རྒྱུས་མངའ་དེ་བས་ཟབ་པ་བྱུང་སྟེ་གཉིས་ཕན་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་དགེ་མཚན་ལྡན་པའི་འཚོལ་ཞིབ་ཐུབ་པ་བྱུང་ཡོད་ཅེས་བཤད།
         ཕུའུ་ཁེ་སི་ཡིས་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་བཙུགས་ནས་དུས་ཐུང་ལོ་གསུམ་ནང་གྲུབ་འབྲས་ཆེན་པོ་ཐོབ་ནས་ཀྲུང་གོའི་དཔལ་འབྱོར་འཕར་ཚད་རྒྱུན་འཁྱོངས་དང་། དཔལ་འབྱོར་སྒྱུར་བཅོས་གཏིང་ཟབ་ཏུ་འགྲོ་བ། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་སོགས་ཐད་དགེ་མཚན་ལྡན་ལ་མངོན་གསལ་དོད་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ཁོང་གིས་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་འབྲེལ་ཡོད་ཚོགས་པས་འབད་བརྩོན་ལྷོད་མེད་བྱས་པར་བསྔགས་བརྗོད་བྱས་པ་མ་ཟད་འབྱུང་འགྱུར་ཕྱོགས་གཉིས་པོའི་དབར་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།