འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཨའེ་ལི་ཀེང་·དབྱི་མིང་པ་ཧའེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་
    མོ་ས་ཁུལ་གྱི་གྲོས་ཚོགས་ཀྱི་གླེང་སྟེགས་སྐབས་25པའི་ལོ་ཚོགས་ལ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་གྲོས་ཚོགས་ཀྱི་གླེང་སྟེགས་སྐབས་25པའི་ལོ་ཚོགས་དེ་ཧྥི་ཅིར་འཚོགས་པ་རེད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཨའེ་ལི་ཀེང་·དབྱི་མིང་པ་ཧའེ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་ཡོད་པ་རེད།
         ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི“གྲོས་ཚོགས་ཀྱི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་ཞི་བདེ་དང་བདེ་འཇགས་ཡོང་བར་སྐུལ་མ་གཏོང་རྒྱུ”དེ་རེད། ཨའེ་ལི་ཀེང་·དབྱི་མིང་པ་ཧའེ་ཡིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སྐབས་ཀྲུང་གོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་ཞི་བདེར་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་བྱེད་མཁན་དང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་དར་སྲོལ་གཏོད་མཁན་ཟོལ་མེད་ཅིག་རེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཀྲུང་གོ་ཕྱོགས་ཀྱིས་སྒོ་དབྱེ་གཉིས་ཕན་དང་ཁོང་ཡངས་ཡོང་སྐྱོང་གི་འཕེལ་རྒྱས་འདུ་ཤེས་ལག་ལེན་བསྟར་བའི་མཉམ་ལས་ཀྱི་གྲོས་འགོ་གལ་ཆེན་ཞིག་ཡིན་པས་དེར་དུས་འགོའི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་གྲོས་དང་། མཉམ་བསྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”སྐྲུན་རྒྱུའི་སྐུལ་མ་ཧུར་ཐག་གཏོང་རྒྱུ་མ་ཟད། ས་ཁུལ་དེ་གའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་འབྲེལ་ཡོད་མཉམ་ལས་ནང་ཧུར་ཐག་ཞུགས་ནས་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཐད་ཟམ་མི་ཆད་པར་སྒུལ་ཤུགས་ཆེན་པོ་བསྣན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཚོགས་འདུ་འཚོགས་རིང་ཨའེ་ལི་ཀེང་·དབྱི་མིང་པ་ཧའེ་ཡིས་ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མཱ་ལ་མཱ་དང་། གྲོས་དཔོན་ལུའུ་ཝུའེ་ཉི་དང་ཁག་སོ་སོར་མཇལ་འཛོམས་གནང་ནས་ཀྲུང་གོ་དང་ཧྥི་ཅི་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། ཁྲིམས་འཛུགས་ལས་ཁུངས་དབར་གྱི་སྤེལ་རེས། དེ་བཞིན་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།