འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་རྣམ་འགྱུར་
    བསྟན་པར་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 12:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་ཡིས་ལོ་འཁོར་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲུང་ཨུའི་འབྲེལ་བར་ཚད་མཐོའི་གདེང་འཇོག་གནང་ལུགས་ཀྲུང་གོ་ཕྱོགས་ལ་དོ་སྣང་བྱུང་བས་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་རྣམ་འགྱུར་བསྟན་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཚེས་17ཉིན་ལ་ཕུའུ་ལུའོ་ཕུའུ་ཡིས་ལོ་འཁོར་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཨུ་ཀྲུང་གི་འབྲེལ་བ་མིག་སྔར་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་ཐོག་གནས་ཡོད། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་གར་སྟེགས་ཐོག་རོགས་ལས་བྱས་པ་ནི་འཛམ་གླིང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩའི་རྒྱུ་རྐྱེན་གྱི་གྲས་ཤིག་རེད་ཅེས་གསུངས་པ་རེད།
         “ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་ཡིས་གསུངས་པ་ལྟར། མིག་སྔར་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་ཐོག་གནས་ཡོད”ཅེས་ཧྭ་ཁྲུན་ཡིང་གིས་གསུངས་པ་དང་། ཁོང་གིས་ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་ཕྱོགས་མང་པོའི་མཉམ་ལས་ཧུར་ཐག་བྱས་ཏེ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”སྐྲུན་རྒྱུ་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྱོང་གི་སྦྲེལ་མཐུད་མཉམ་ལས་ཧུར་ཐག་བྱས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ཁྲོད་གཞོགས་འདེགས་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་ཨུའི་འབྲེལ་བ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ལས་ཧ་ཅང་བརྒལ་ཏེ་འཛམ་གླིང་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། དེ་ནི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཕྱོགས་གཉིས་པོས་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་ཟབ་ཏུ་གཏོང་བའི་བྱེད་ཕྱོགས་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་དར་རྒྱས་ཡོང་རྒྱུར་གཞོལ་པའི་དམིགས་ཚད་ལ་འགྱུར་ལྡོག་འགྲོ་མི་སྲིད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དེ་ཡིན། ལོ་གསར་པའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བཞག་པའི“འགྱུར་ལྡོག་མི་འགྲོ་བ་གསུམ”གྱི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ས་ཁུལ་དང་འཛམ་གླིང་གི་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དྲང་ནུས་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།