འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོར་ངོ་མཚར“མཁའ་ལམ”བསྐྲུན།

    ——གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་སྐོར་གྱི་དངོས་བྲིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    གཡག་རྔ་ནས་དར་རྩེ་མདོ་བར་ཤར་བགྲོད་ཐུབ་པའི་ཆིང་དབྱི་གཙང་པོའི་ཟམ་ཆེན་ཡིན་པ།
    གཡག་རྔ་ནས་དར་རྩེ་མདོ་བར་ཤར་བགྲོད་ཐུབ་པའི་ཆིང་དབྱི་གཙང་པོའི་ཟམ་ཆེན་ཡིན་པ།
           གྲང་ངར་ཆེ་བའི་དགུན་དུས་སུ་གས་སྲུབས་ས་རྒྱུད་བཅུ་གྲངས་བརྒྱུད་པའི“མཁའ་ལམ”ཞིག་ས་མཐོར་བསྐྲུན་བཞིན་མཆིས། དེར་འཛམ་གླིང་གཞུང་ལམ་འཛུགས་སྐྲུན་ལས་རིགས་ཀྱི“ཡང་རྩེ”ཞེས་བརྗོད་ཀྱི་ཡོད། རིང་ཚད་སྤྱི་ལེ་135ཙམ་ལས་མེད་པའི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ས་བབ་ལ་ཁྱད་པར་སྨི་2000ཡོད།
              གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་སི་ཁྲོན་ཐང་གཤོངས་ནས་མཚོ་བོད་ས་མཐོའི་ས་མཚམས་ཁུལ་དུ་གནས་པས། འཛུགས་སྐྲུན་བྱེད་སྐབས་ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། གནམ་གཤིས་གྲང་ངར་ཆེ་བ། སྣོད་བཅུད་ཁོར་ཡུག་ཞན་པ། འཛུགས་སྐྲུན་བྱེད་དཀའ་བ་སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། དེ་ནི་རྒྱལ་ཡོངས་སུ་ཟམ་པ་དང་ཕུག་ལམ་མང་ཤོས་དང་འཛུགས་སྐྲུན་བྱེད་ཁག་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་གྲས་ཤིག་ཡིན་པས། ལས་རིགས་ཁོངས་གཏོགས་ཀྱི་རིགས་གཅིག་མཁས་ཅན་ཚོས་གཞུང་ལམ་འཛུགས་སྐྲུན་ལས་རིགས་ཀྱི“ཡང་རྩེ”ཞེས་བརྗོད་ཀྱི་ཡོད།
             སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་མ་འཇོག་ཚོགས་པས་མ་དངུལ་བཏང་སྟེ་བསྐྲུན་པའི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་གཡག་རྔ་ནས་ཡེ་ཁྲེང་(ཤིན་ཅང་གྱི་ཁ་ཧྲེ)བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལུའུ་ཧྲན་ས་ཡོམ་གེགས་ཁུལ་སྒྲོལ་བའི་ཚེ་སྲོག་གི་མ་ལམ་དང་ནང་སར་སྐྱོད་པའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་འཕར་རྩ་ལྟ་བུ་ཡིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཆོག་མཆན་ཐོབ་ནས་2014ལོར་བསྐྲུན་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་230བཏང་བ་དེའི་ལས་ཡུན་ལོ་5ཡིན་ཞིང་། གཞུང་ལམ་ཤར་གཏོང་ཐུབ་རྗེས་གཡག་རྔ་ནས་དར་རྩེ་མདོ་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་འགོར་གྱི་མེད་པ་རེད།
    གཡག་རྔ་ནས་དར་རྩེ་མདོ་ཡི་མྱུར་བགྲོད་གཞུང་ལམ་གྱི་རིང་ཚད་ལ་སྨི་1411ཡོད་པའི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཡིན་པ།
    གཡག་རྔ་ནས་དར་རྩེ་མདོ་ཡི་མྱུར་བགྲོད་གཞུང་ལམ་གྱི་རིང་ཚད་ལ་སྨི་1411ཡོད་པའི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཡིན་པ།
    གཡག་རྔ་ནས་དར་རྩེ་མདོ་ཡི་མྱུར་བགྲོད་གཞུང་ལམ་གྱི་འུ་ལག་ཕུག་ལམ་ནང་ངོས་བརྟན་གཏོང་གི་ལྕགས་སྒྲོམ་སློང་བཞིན་ཡོད་པ།
    གཡག་རྔ་ནས་དར་རྩེ་མདོ་ཡི་མྱུར་བགྲོད་གཞུང་ལམ་གྱི་འུ་ལག་ཕུག་ལམ་ནང་ངོས་བརྟན་གཏོང་གི་ལྕགས་སྒྲོམ་སློང་བཞིན་ཡོད་པ།
    གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཡིན་ལ་གཡས་ངོས་ནི་རྒྱལ་ལམ་318ཡིན་པ།
    གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཡིན་ལ་གཡས་ངོས་ནི་རྒྱལ་ལམ་318ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།